ཨེ་ཤ་ཡཱའི་ཤར་ལྷོའི་མནའ་འབྲེལ་གྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ལའོ་ཝའོ་ཡི་ཙུང་ལི་གཞོན་པའམ་ཕྱི་འབྲེལ་བློན་ཆེན་ཧྲ་ལོན་སེ་ཡིས་ཚེས་ཉེར་དགུ་ཉིན་བསྟན་དོན། ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱིས་ཐོག་མཐའ་བར་གསུམ་དུ་ཀྲུང་གོ་གཅིག་གི་རྩ་དོན་རྒྱུན་འཁྱོངས་དང་ལག་བསྟར་བྱེད་བཞིན་ཡོད་ཟེར།
ཉིས་སྟོང་ཉེར་བཞི་ལོའི་ཨེ་ཤ་ཡཱའི་ཤར་ལྷོའི་མནའ་འབྲེལ་གྱི་ཕྱི་འབྲེལ་བློན་ཆེན་གྱི་དངོས་གཞི་མིན་པའི་གྲོས་ཚོགས་ཚེས་ཉེར་དགུ་ཉིན་ལའོ་ཝའོ་ཡི་ལིང་པའོ་ལཱ་མངའ་སྡེ་ནས་བསྡུས། གྲོས་ཚོགས་གྲོལ་རྗེས་བསྡུས་པའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་། ཧྲ་ལོན་སེ་ཡིས་གསར་འགོད་པས་བཏོན་པའི་དྲི་བར་ལན་འདེབས་སྐབས་བསྟན་དོན། ཨེ་ཤ་ཡཱའི་ཤར་ལྷོའི་མནའ་འབྲེལ་གྱི་ཕྱི་འབྲེལ་བློན་ཆེན་གྱིས་སྔོན་ཆད་གསལ་སྒྲོག་སྤེལ་ནས་ཀྲུང་གོ་གཅིག་གི་རྩ་དོན་ལ་རྒྱབ་སྐྱོར་བྱས་མྱོང་བ་དང་། ལའོ་ཝའོ་ད་ལོའི་ཨེ་ཤ་ཡཱའི་ཤར་ལྷོའི་མནའ་འབྲེལ་གྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཡིན་པའི་ཆ་ནས། ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱིས་ཐོག་མཐའ་བར་གསུམ་དུ་ཀྲུང་གོ་གཅིག་གི་རྩ་དོན་རྒྱུན་འཁྱོངས་བྱེད་རྒྱུ་ཡིན་པ་བསྐྱར་སྒྲོག་བྱས།
བསོད་ནམས་ཚེ་རིང་གིས་བསྒྱུར།