ཀི་ལུའུ་ཅི་ཡཱའི་ཙུང་ལི་ཅཱ་ལི་པཱ་ཧྲི་ཝེ་ལེ་ཡིས་ཚེས་ཉེར་དགུ་ཉིན་ལས་ཁུར་དགོངས་ཞུ་བྱེད་རྒྱུ་ཁྱབ་བསྒྲགས་བྱས།
ཅཱ་ལི་པཱ་ཧྲི་ཝེ་ལེ་ཡིས་ཉིན་དེར་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། ཁོ་ལ་སྲིད་འཛིན་པའི་ཀི་ལུའུ་ཅི་ཡཱའི་ཕུགས་འདུན་ཏང་ཆབ་སྲིད་ཨུ་ཡོན་ལྷན་ཁང་གི་གདན་ཞུས་འབྱོར་ཡོད་པ་དང་། ཏང་ཁག་དེའི་ཀྲུའུ་ཞིའི་འགན་ཁུར་རྒྱུ་ཡིན་ཟེར། ཁོས་བཤད་རྒྱུར། ཏང་ཁག་དེའི་མདུན་དུ་ལྷགས་པའི་ལས་འགན་གཙོ་བོ་ནི་ད་ལོའི་སྟོན་ཁར་ཀི་ལུའུ་ཅི་ཡཱའི་གྲོས་ཁང་གི་འདེམ་བསྐོའི་ཁྲོད་རྒྱལ་ཁ་ཐོབ་པར་བྱེད་རྒྱུ་དེ་ཡིན་ཟེར།
དབྱེ་ཞིབ་མི་སྣས་བལྟས་ན། ཀི་ལུའུ་ཅི་ཡཱའི་ཕུགས་འདུན་ཏང་གི་ད་ལྟའི་ཀྲུའུ་ཞི་ཡིས་ཅཱ་ལི་པཱ་ཧྲི་ཝེ་ལེ་ཡི་ཚབ་ཏུ་ཙུང་ལིའི་འགན་ཁུར་སྲིད་ཟེར།
ཅཱ་ལི་པཱ་ཧྲི་ཝེ་ལེ་ཡིས་ཉིས་སྟོང་བཅུ་གསུམ་ལོ་ནས་ཉིས་སྟོང་བཅོ་ལྔ་ལོའི་བར་ཀི་ལུའུ་ཅི་ཡཱའི་ཙུང་ལིའི་འགན་ཁུར་བ་དང་། ཉིས་སྟོང་ཉེར་གཅིག་ལོར་ཡང་བསྐྱར་ཙུང་ལིའི་འགན་ཁུར་བ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།