ཁུ་པཱའི་རྒྱལ་ས་ཧཱ་ཝ་ནཱ་རུ་སྐོར་ཐེངས་དྲུག་པའི་ཞི་བའི་གྲོས་མོལ་སྤེལ་བཞིན་པའི་ཁོ་ལོམ་པུ་ཡཱའི་སྲིད་གཞུང་དང་སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་དྲག་ཆས་རྩ་འཛུགས་ཁོ་ལོམ་པི་ཡཱའི་མི་རིགས་བཅིངས་འགྲོལ་དམག་ཚེས་ཉེར་དགུ་ཉིན་ཉིན་དེར་ཡུན་ཚད་ལོངས་པའི་གནས་སྐབས་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་གྱི་ལག་བསྟར་ཡུན་ཚད་དེ་ཟླ་གཉིས་པའི་ཚེས་ལྔ་ཉིན་བར་ཇེ་རིང་དུ་གཏོང་བར་འཐད་པ་བྱུང་།
ཉིས་སྟོང་ཉེར་གསུམ་ལོའི་ཟླ་ལྔ་པའི་ཚེས་གཉིས་ཉིན་ནས་ཟླ་དྲུག་པའི་ཚེས་དགུ་ཉིན་བར། ཕྱོགས་གཉིས་ཀྱིས་ཧཱ་ཝ་ནཱ་ནས་སྐོར་ཐེངས་གསུམ་ལ་ཞི་བའི་གྲོས་མོལ་བྱས་ཏེ། གནས་སྐབས་སུ་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་བཀོད་པ་རེད། གྲོས་མཐུན་ལྟར་ན། ཉིས་སྟོང་ཉེར་གསུམ་ལོའི་ཟླ་བརྒྱད་པའི་ཚེས་གསུམ་ཉིན་ནས་ཉིས་སྟོང་ཉེར་བཞི་ལོའི་ཟླ་དང་པོའི་ཚེས་ཉེར་དགུ་ཉིན་བར། ཕྱོགས་གཉིས་ཀྱིས་དཔུང་འཇུག་དང་གསང་འཕྲིན་འཚོལ་སྡུད་སོགས་ཀྱི་བྱ་སྤྱོད་མཚམས་འཇོག་དགོས་པ་རེད།
དུས་རབས་ཕྱེད་ཀའི་ཚུན་ལ། ཁོ་ལོམ་པི་ཡཱའི་མི་རིགས་བཅིངས་འགྲོལ་དམག་གིས་ནམ་རྒྱུན་སྲིད་གཞུང་དམག་དཔུང་བར་འཁྲུག་རྩོད་བྱེད་བཞིན་ཡོད།
ཉིས་སྟོང་བཅུ་བདུན་ལོའི་ཟླ་གཉིས་པར། ཁོ་ལོམ་པི་ཡཱའི་སྲིད་གཞུང་དང་ཁོ་ལོམ་པུ་ཡཱའི་མི་རིགས་བཅིངས་འགྲོལ་དམག་གིས་ཨེ་ཀྭ་ཏོར་གྱི་རྒྱལ་ས་ཅི་ཏའོ་ནས་དངོས་སུ་ཞི་བའི་གྲོས་མོལ་འགོ་བརྩམས་པ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།