ཨུ་རུ་སིའི་རྒྱལ་སྲུང་པུའུ་ཡིས་ཟླ་དང་པོའི་ཚེས་སོ་གཅིག་ཉིན་བསྒྲགས་པ་ལྟར་ན། ཨུ་རུ་སིའི་མཁའ་སྲུང་མ་ལག་གིས་ཉིན་དེར་མཚོ་ནག་གི་བར་སྣང་ནས་ཝུའུ་ཁི་ལན་གྱི་འཕུར་མདའ་བཅུ་བདུན་གཏོར་བཤིག་བཏང་བ་དང་། ཁི་ལི་མུས་ཡཱ་ཕྱེད་གླིང་གི་བར་སྣང་ནས་ཝུའུ་ཁི་ལན་གྱི་འཕུར་མདའ་གསུམ་གཏོར་བཤིག་བཏང་ཡོད་ཟེར།
བསྒྲགས་པ་ལྟར་ན། ཝུའུ་ཁི་ལན་གྱི་དམག་དཔུང་གིས་ཉིན་དེའི་དགོང་མོར་འཕུར་མདའ་ཉི་ཤུ་བཀོལ་ནས་ཨུ་རུ་སིའི་སྒྲིག་ཆས་ལ་འཇབ་རྒོལ་བྱེད་རྩིས་བྱས་པ་དང་། ཨུ་རུ་སིའི་མཁའ་སྲུང་མ་ལག་གིས་འཕུར་མདའ་དེ་དག་བཀག་སྟེ། མཚོ་ནག་མཚོ་ཁོངས་ཀྱི་བར་སྣང་ནས་འཕུར་མདའ་བཅུ་བདུན་གཏོར་བ་དང་། ཁི་ལི་མུས་ཡཱ་ཕྱེད་གླིང་གི་བར་སྣང་ནས་འཕུར་མདའ་གསུམ་གཏོར་ཟེར། འཕུར་མདའ་སྐོར་ཞིག་གི་ཆག་རོ་ཁི་ལི་མུས་ཡཱའི་སྡོད་ཁུལ་ཉེ་འདབས་ཀྱི་དམག་དོན་ས་ཁོངས་སུ་ལྷུང་ཡོད་ཀྱང་། མཁའ་འགྲུལ་སྒྲིག་ཆས་ལ་གཏོར་བརླག་ཐེབས་མེད་ཟེར།
གཞན་ཡང་ཐཱ་སི་གསར་འགྱུར་ཁང་གིས་བསྒྲགས་པ་ལྟར་ན། སེ་ཝ་སི་ཐའོ་པའོ་གྲོང་ཁྱེར་གྱི་ཧྲི་ཀྲང་ལཱ་ཙི་བོ་ཀྲ་ཡེ་ཧྥུའུ་ཡིས་ཉིན་དེའི་སྔ་དྲོར་བསྟན་དོན། ཨུ་རུ་སིའི་དམག་དཔུང་གིས་གྲོང་ཁྱེར་དེར་དམིགས་པའི་གཞི་རྒྱ་ཆེ་བའི་འཇབ་རྒོལ་ཅིག་ཕམ་ཉེས་བཏང་བ་དང་། འཕུར་མདའ་དྲུག་ལྷག་གཏོར་བཤིག་བཏང་ཡོད། ཐེངས་འདིའི་འཇབ་རྒོལ་ལས་མི་སྣར་ཤི་རྨས་ཐེབས་མེད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།