འབར་མའི་རྒྱལ་ཁབ་བརྙན་འཕྲིན་ཁང་གིས་ཟླ་དང་པོའི་ཚེས་སོ་གཅིག་ཉིན་བསྒྲགས་པ་ལྟར་ན། འབར་མའི་རྒྱལ་སྲུང་དང་བདེ་འཇགས་ཨུ་ཡོན་ལྷན་ཁང་གིས་རྒྱལ་ཡོངས་ཀྱི་དོགས་ཟོན་རྣམ་པ་མུ་མཐུད་དུ་ཟླ་ངོ་དྲུག་གིས་ཇེ་རིང་དུ་གཏོང་རྒྱུ་ཐག་བཅད་ཡོད་ཟེར།
བསྒྲགས་པ་ལྟར་ན། འབར་མའི་རྒྱལ་སྲུང་དང་བདེ་འཇགས་ཨུ་ཡོན་ལྷན་ཁང་གིས་ཉིན་དེར་གྲོས་ཚོགས་བསྡུས་ནས། རྩ་ཁྲིམས་ཀྱི་འབྲེལ་ཡོད་དོན་ཚན་ལྟར། མིག་སྔའི་རྒྱལ་ཁབ་ཀྱི་གནས་ཚུལ་སྔར་བཞིན་རྒྱུན་ལྡན་མིན་པའི་རྣམ་པར་གནས་པར་དམིགས་ནས། རྒྱལ་ཡོངས་ཀྱི་བྲེལ་མྱུར་དོགས་ཟོན་རྣམ་པའི་ཡུན་ཚད་མུ་མཐུད་དུ་ཟླ་ངོ་དྲུག་གིས་ཇེ་རིང་དུ་གཏོང་བར་གཅིག་གྱུར་ཡིད་འཐད་བྱུང་བ་རེད་ཟེར།
གྲོས་ཚོགས་ནས་ད་རུང་གློག་འཕྲིན་དྲ་རྒྱའི་མགོ་སྐོར་ལ་ཆམ་ཕབ་གཏོང་བ་དང་། རྒྱལ་ཁབ་ཀྱི་འཕེལ་རྒྱས་དང་སློབ་གསོ་གོང་འཕེལ་ལ་སྐུལ་འདེད་གཏོང་བ། རྒྱལ་ཡོངས་ཀྱི་མི་གྲངས་ཁྱབ་ཞིབ་བྱ་བ་སྤེལ་བ་སོགས་ཀྱི་ནང་དོན་ལ་གྲོས་བསྡུར་བྱས།
བསོད་ནམས་ཚེ་རིང་གིས་བསྒྱུར།