ཡེ་མིན་གྱི་ཧུའུ་སེ་དྲག་ཆས་པས་ཨ་མེ་རི་ཁ་དང་དབྱིན་ཇི་ཡིས་མཚོ་དམར་མཚོ་ཁོངས་ཀྱི་ཧི་ཐེ་ཏཱ་གྲོང་ཁྱེར་དུ་བར་སྣང་འཇབ་རྒོལ་བྱས་པའི་ཚུལ་བསྟན།
2024.02.02 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 20

ཡེ་མིན་གྱི་ཧུའུ་སེ་དྲག་ཆས་པས་ཚོད་འཛིན་བྱེད་པའི་མཱ་ཞི་ལཱ་བརྙན་འཕྲིན་ཁང་གིས་ཟླ་གཉིས་པའི་ཚེས་གཅིག་ཉིན་བསྒྲགས་པ་ལྟར་ན། ཨ་མེ་རི་ཁ་དང་དབྱིན་ཇི་རྒྱལ་ཁབ་གིཉས་ཀྱིས་ཉིན་དེའི་ཞོགས་པར་ཡེ་མིན་གྱི་མཚོ་དམར་མཚོ་ཁོངས་ཀྱི་ཧི་ཐེ་ཏཱ་གྲོང་ཁྱེར་བྱང་ངོས་ཀྱི་ཅཱ་པཱ་ནཱ་ས་ཁུལ་དུ་བར་སྣང་འཇབ་རྒོལ་ཐེངས་འགའ་བྱས་ཟེར།

མཱ་ཞི་ལཱ་བརྙན་འཕྲིན་ཁང་གིས་བསྒྲགས་པའི་གནས་ཚུལ་ལས་ཐེངས་འདིའི་ཨ་མེ་རི་ཁ་དང་དབྱིན་ཇིའི་བར་སྣང་འཇབ་རྒོལ་ལས་མི་སྣར་ཤི་རྨས་ཐེབས་པའི་གནས་ཚུལ་བསྒྲགས་མེད།

མིག་སྔར་ཨ་མེ་རི་ཁ་དང་དབྱིན་ཇི་ཕྱོགས་ཀྱིས་མིག་སྔར་ད་རུང་ཐེངས་འདིའི་བར་སྣང་འཇབ་རྒོལ་དོན་རྐྱེན་ཐད་ནས་རྣམ་འགྱུར་ཅི་ཡང་བསྟན་མེད།


བསོད་ནམས་ཚེ་རིང་གིས་བསྒྱུར།