ཡེ་མིན་གྱི་ཧུའུ་སེ་དྲག་ཆས་པའི་མགྲིན་ཚབ་པ་སཱ་ལོས་ཡཱ་ཡིས་ཟླ་གཉིས་པའི་ཚེས་གཅིག་ཉིན་བཤད་རྒྱུར། རྩ་འཛུགས་དེས་ཚེས་གཅིག་ཉིན་མཚོ་དམར་མཚོ་ཁོངས་སུ་བགྲོད་པའི་དབྱིན་ཇིའི་ཚོང་དོན་གྲུ་གཟིངས་ཤིག་ལ་འཕུར་མདའ་འགའ་གཏོང་འཕེན་བྱས་ནས། གྲུ་གཟིངས་དེ་དབྱི་སི་རལ་གྱི་གྲུ་ཁར་འགྲོ་བར་བཀག་འགོག་བྱས་ཟེར།
སཱ་ལོས་ཡཱ་ཡིས་གསལ་སྒྲོག་ནང་ཚོང་དོན་གྲུ་གཟིངས་དེའི་མིང་གསལ་བོར་བརྗོད་མེད་པ་དང་། འཕུར་མདའ་དག་དམིགས་འབེན་ལ་ཕོག་ཡོད་མེད་ཀྱང་གསལ་བོར་བསྒྲགས་མེད།
དབྱིན་ཇིའི་མཚོ་ཐོག་ཉོ་ཚོང་འགུལ་སྐྱོད་གཞུང་སྒྲུབ་ཁང་གིས་ཟླ་གཉིས་པའི་ཚེས་གཅིག་ཉིན་བཤད་རྒྱུར། ཚོང་དོན་གྲུ་གཟིངས་ཤིག་གིས་ཉིན་དེའི་སྔ་དྲོར་ཡེ་མིན་གྱི་མཚོ་དམར་མཚོ་ཁོངས་ཀྱི་ཧི་ཐེ་ཏཱ་གྲོང་ཁྱེར་ནུབ་ངོས་ཀྱི་མཚོ་ལེ་ང་བདུན་གྱི་མཚོ་ཁོངས་སུ་སྙན་ཞུ་བྱས་པ་ལྟར་ན། གྲུ་གཟིངས་དེའི་གཡས་འགྲམ་མཚོ་ཁོངས་སུ་འགས་གཏོར་བྱུང་བ་དང་། འགས་གཏོར་ལས་གྲུ་གཟིངས་ལ་གཏོར་བརླག་ཐེབས་མེད་ལ། གྲུ་གཟིངས་སྟེང་གི་མི་སྣར་ཡང་རྨས་ཕོག་མེད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།