ཀི་ལུའུ་ཅི་ཡཱའི་སྲིད་འཛིན་ཏང་ཀི་ལུའུ་ཅི་ཡཱའི་ཕུགས་འདུན་དང་དམངས་གཙོ་ཀི་ལུའུ་ཅི་ཡཱ་ཏང་གིས་ཟླ་གཉིས་པའི་ཚེས་གཅིག་ཉིན་སྔོན་ཆད་ཀྱི་ཏང་དེའི་ཀྲུའུ་ཞི་ཁི་པཱ་ཞེ་ཙེ་ཡིས་སྲིད་གཞུང་གི་ཙུང་ལིའི་འགན་ཁུར་བར་མིང་འདོན་བྱས།
སྲིད་འཛིན་ཏང་གིས་ཉིན་དེར་ཏིས་པུས་ལེ་སི་ནས་བསྡུས་པའི་ཏང་གི་འཐུས་མིའི་ཚོགས་ཆེན་སྟེང་ཙུང་ལིའི་མིང་འདོན་ལ་ཆོག་མཆན་བཀོད་པ་རེད། ཚོགས་ཆེན་ནས་ད་རུང་ཟླ་དང་པོའི་ཚེས་ཉེར་དགུ་ཉིན་ཙུང་ལིའི་ལས་འགན་བསྐྱུར་བར་ཁྱབ་བསྒྲགས་བྱས་པའི་ཅཱ་ལི་པཱ་ཧྲི་ཝེ་ལེ་ཡིས་ཏང་ཁག་དེའི་ཀྲུའུ་ཞི་གསར་བའི་འགན་ཁུར་དུ་བཅུག
ཀི་ལུའུ་ཅི་ཡཱའི་བཅའ་ཁྲིམས་ལྟར་ན། ཁི་པཱ་ཞེ་ཙེའི་ཙུང་ལིའི་མིང་འདོན་ལ་ངེས་པར་དུ་ཀི་ལུའུ་ཅི་ཡཱའི་གྲོས་ཁང་གི་ལས་གནས་བརྒྱ་དང་ལྔ་བཅུའི་ཁྲོས་ཀྱི་མང་ཆེ་བ་གྲོས་འཆམ་བྱུང་ན་ད་གཟོད་ནུས་ལྡན་དུ་འགྱུར་སྲིད། ཀི་ལུའུ་ཅི་ཡཱའི་ཕུགས་འདུན་དང་དམངས་གཙོ་ཀི་ལུའུ་ཅི་ཡཱ་ཏང་ལ་ཉིས་སྟོང་ཉི་ཤུ་ལོའི་གྲོས་ཁང་འདེམ་བསྐོའི་ཁྲོད་རྒྱལ་ཁ་ཐོབ་དང་། གྲོས་ཁང་ཁྲོད་ལས་གནས་མང་ཆེ་བ་ཐོབ་ཡོད།
ཁི་པཱ་ཞེ་ཙེ་ནི་གཅིག་སྟོང་དགུ་བརྒྱ་དོན་བརྒྱད་ལོར་སྐྱེས་པ་དང་། ཉིས་སྟོང་ཉེར་གཅིག་ལོའི་ཚུན་ལ་ཀི་ལུའུ་ཅི་ཡཱའི་ཕུགས་འདུན་དང་དམངས་གཙོ་ཀི་ལུའུ་ཅི་ཡཱ་ཏང་གི་ཀྲུའུ་ཞིའི་འགན་ཁུར་བ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།