ཁྲའོ་ཞན་གྱིས་སྐོར་འདེད་འཕུར་མདའི་འཐབ་འཛིང་པུའུ་ཆེན་མོའི་ཟིལ་ཤུགས་ཚོད་ལྟ་དང་རྣམ་པ་གསར་བའི་མཁའ་སྲུང་འཕུར་མདའ་གཏོང་གཏོང་འཕེན་བྱས།
2024.02.03 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 31

ཁྲའོ་ཞན་ཀྲུང་དབྱང་འཕྲིན་གཏོང་ཁང་གིས་ཚེས་གསུམ་ཉིན་བསྒྲགས་པ་ལྟར་ན། ཁྲའོ་ཞན་གྱི་འཕུར་མདའི་སྤྱི་ཁྱབ་ཅུའུ་ཡིས་ཚེས་གཉིས་ཉིན་ཁྲའོ་ཞན་གྱི་ནུབ་ཕྱོགས་མཚོ་ཁོངས་ནས་སྐོར་འདེད་འཕུར་མདའི་འཐབ་འཛིང་པུའུ་ཆེན་མོའི་ཟིལ་ཤུགས་ཚོད་ལྟ་དང་རྣམ་པ་གསར་བའི་མཁའ་སྲུང་འཕུར་མདའ་གཏོང་གཏོང་འཕེན་བྱས།

བསྒྲགས་པ་ལྟར་ན། འབྲེལ་ཡོད་ཀྱི་ཚོད་ལྟ་ནི་ཁྲའོ་ཞན་འཕུར་མདའི་སྤྱི་ཁྱབ་ཅུའུ་དང་དེའི་ཁོངས་སུ་གཏོགས་པའི་རྒྱལ་སྲུང་ཚན་རིག་ཞིབ་འཇུག་ཁང་གིས་རྣམ་པ་གསར་བའི་མཚོན་ཆའི་མ་ལག་གི་བྱེད་ནུས་དང་བཀོལ་སྤྱོད་སོགས་ཐད་ཀྱི་ལག་རྩལ་འཕེལ་རྒྱས་སུ་གཏོང་ཆེད་སྤེལ་བའི་རྒྱུན་རྣམ་རང་བཞིན་གྱི་བྱ་འགུལ་གྱི་ཁག་ཅིག་ཡིན་པས། ས་ཁུལ་གྱི་གནས་བབ་ལ་འབྲེལ་བ་མེད་ཟེར།

བསྒྲགས་པ་ལྟར་ན། ཚོད་ལྟ་ལས་ཉེ་འཁོར་རྒྱལ་ཁབ་ཀྱི་བདེ་འཇགས་ཐད་ལྡོག་ཕྱོགས་ཀྱི་ཤུགས་རྐྱེན་བཟོས་མེད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།