ཀྲི་ལི་རྒྱལ་ཁབ་ཀྱི་ཙུང་ཐུང་པོ་ལེ་ཆི་ཡིས་ཚེས3ཉིན་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། རྒྱལ་ཁབ་དེའི་དབུས་ཕྱོགས་ཀྱི་ཝ་ཨར་ཕ་ལེ་སོ་ས་ཁུལ་དུ་ནགས་ཚལ་ལ་མེ་སྐྱོན་ཤོར་ཏེ་མི་ཞེ་དྲུག་རྐྱེན་ལམ་དུ་ཤོར་བ་དང་། རྐྱེན་ལམ་དུ་ཤོར་མཁན་ད་དུང་ཇེ་མང་དུ་འགྲོ་སྲིད་ཟེར། ཁོས་ད་རུང་བསྟན་དོན། མེ་སྐྱོན་བྱུང་རྗེས་འབར་ཡུན་རིང་ཞིང་འབར་ཚད་མགྱོགས་ལ། གནམ་གཤིས་རྒྱུ་རྐྱེན་གྱི་དབང་གིས་མེ་གསོད་ཀྱི་བྱ་བ་དཀའ་ཁག་དང་འཕྲད་ཡོད་ཟེར།
སྐལ་བཟང་རྣམ་རྒྱལ་གྱིས་བསྒྱུར།