ཡེ་མིན་གྱི་ཧུའུ་སེ་དྲག་ཆས་པས་ཚོད་འཛིན་བྱེད་པའི་མཱ་ཞི་ལཱ་བརྙན་འཕྲིན་ཁང་གིས་ཚེས་ལྔ་ཉིན་བསྒྲགས་པ་ལྟར་ན། ཨ་མེ་རི་ཁ་དང་དབྱིན་ཇིའི་འཐབ་འཛིང་གནམ་གྲུ་ཡིས་ཉིན་དེར་ཡེ་མིན་གྱི་མཚོ་དམར་མཚོ་ཁོངས་ཀྱི་ཧི་ཐེ་ཏཱ་རུ་སྐོར་ཐེངས་གསར་བའི་བར་སྣང་འཇབ་རྒོལ་བྱས་ཟེར།
ཧུའུ་སེ་དྲག་ཆས་པས་བཤད་རྒྱུར། ཨ་མེ་རི་ཁ་དང་དབྱིན་ཇི་རྒཡལ་ཁབ་གཉིས་ཀྱིས་ཉིན་དེའི་ཕྱི་དྲོར་བར་སྣང་འཇབ་རྒོལ་ཐེངས་གཉིས་སྤེལ་ནས། ཧི་ཐེ་ཏཱའི་ནུབ་བྱང་ཕྱོགས་ཀྱི་སྲང་ལམ་ཞིག་ལ་ཆམ་ཕབ་བཏང་ཟེར། གཞན་ཡང་ཧི་ཐེ་ཏཱའི་ས་དེའི་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། བར་སྣང་འཇབ་རྒོལ་ལས་མི་སྣར་ཤི་རྨས་བཟོས་པ་དང་། རྨས་ཕོག་པའི་མི་སེར་དཀྱུས་མ་དག་སྨན་ཁང་དུ་བསྐྱལ་ནས་གསོ་བཅོས་བྱེད་བཞིན་ཡོད་ཟེར།
ཨ་མེ་རི་ཁ་དང་དབྱིན་ཇི་ཕྱོགས་ཀྱིས་འཇབ་རྒོལ་དོན་རྐྱེན་དེའི་ཐད་ནས་རྣམ་འགྱུར་ཅི་ཡང་བསྟན་མེད།
བར་སྣང་འཇབ་རྒོལ་མ་བྱས་གོང་དུ། ཧུའུ་སེ་དྲག་ཆས་པའི་ཕྱི་ཕྱོགས་ལས་དོན་གྱི་འགན་ཁུར་བའི་མཐོ་རིམ་དཔོན་རིགས་ཧི་སེ་ཡུན་དབྱེ་ཆི་ཡིས་མཱ་ཞི་ལཱ་བརྙན་འཕྲིན་ཁང་གི་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། ཨ་མེ་རི་ཁ་དང་དབྱིན་ཇི་རྒྱལ་ཁབ་གཉིས་ཀྱིས་ཟླ་དང་པོའི་ཚུན་ལ་ཧུའུ་སེ་དྲག་ཆས་པར་བར་སྣང་འཇབ་རྒོལ་ཐེངས་སུམ་བརྒྱ་ལྷག་སྤེལ་ཡོད་ཟེར། ཁོས་བསྟན་དོན། བར་སྣང་འཇབ་རྒོལ་དེ་ལས་རྩ་འཛུགས་དེས་ཕཱ་ལེ་སི་ཐན་མི་དམངས་ལ་རྒྱབ་སྐྱོར་བྱེད་སྟངས་འགྱུར་མི་སྲིད་པར་མ་ཟད། འཁོན་ལན་རང་བཞིན་གྱི་འཇབ་རྒོལ་སྔར་ལས་མང་བོ་སྤེལ་རྒྱུའི་དམ་བཅའ་བཞག
བསོད་ནམས་ཚེ་རིང་གིས་བསྒྱུར།