ཧཱ་སག་སི་ཐན་གྱི་ཙུང་ཐུང་གིས་སྲིད་གཞུང་གི་ལས་ཁུར་དགོངས་ཞུར་ཆོག་མཆན་བཀོད།
2024.02.06 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 41

ཧཱ་སག་སི་ཐན་གྱི་ཙུང་ཐུང་བཞུགས་ཤག་གི་དྲ་ཚིགས་ནས་བསྒྲགས་པའི་གནས་ཚུལ་ལྟར་ན། ཧཱ་སག་སི་ཐན་གྱི་ཙུང་ཐུང་ཐའོ་ཁཱ་ཡེ་ཧྥུའུ་ཡིས་ཚེས་ལྔ་ཉིན་ཙུང་ཐུང་བཀའ་རྒྱ་བཀོད་པ་དང་། ཧཱ་སག་སི་ཐན་གྱི་རྩ་ཁྲིམས་ཀྱི་དོན་ཚན་བདུན་ཅུ་བའི་གཏན་འཁེལ་ལྟར། ཧཱ་སག་སི་ཐན་གྱི་སྲིད་གཞུང་གི་ལས་ཁུར་དགོངས་ཞུ་བྱེད་པར་ཆོག་མཆན་བཀོད།

བསྒྲགས་པ་ལྟར་ན། ཙུང་ཐུང་གི་བཀའ་རྒྱ་དེ་ཚེས་ལྔ་ཉིན་བཀོད་རྗེས་ནུས་ལྡན་དུ་གྱུར་བ་ཡིན་ལ། སྲིད་གཞུང་གིས་ལས་ཁུར་དགོངས་ཞུ་བྱས་རྗེས། ཧཱ་སག་སི་ཐན་གྱི་ཙུང་ལིའི་ལས་འགན་དེ་ཙུང་ལི་གཞོན་པ་དང་པོ་སི་ཁི་ལེ་ཡཱ་ཨར་གྱིས་ཚབ་འགན་ཁུར་རྒྱུ་ཡིན་པ་དང་། ཧཱ་སག་སི་ཐན་སྲིད་གཞུང་གི་སྔོན་ཆད་ཀྱི་ཁོངས་མིས་སྲིད་གཞུང་གསར་བ་རྩ་འཛུགས་བྱེད་རག་བར་དུ་མུ་མཐུད་དུ་ལས་འགན་ལག་བསྟར་བྱེད་རྒྱུ་རེད།

ཐེངས་འདིར་གཏོར་བའི་སྲིད་གཞུང་དེ་ཉིས་སྟོང་ཉེར་གཉིས་ལོའི་ཟླ་དང་པོའི་ཚེས་བཅུ་གཉིས་ཉིན་རྩ་འཛུགས་བྱས་པ་ཡིན་ལ། སི་མེད་ལོ་ཧྥུའུ་ཡིས་ཙུང་ལིའི་འགན་ཁུར་བ་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།