ཡེ་མིན་དཔོན་ཕྱོགས་ཀྱི་སཱ་པཱ་འཕྲིན་གཏོང་ཁང་གིས་ཚེས་ལྔ་ཉིན་བསྒྲགས་པ་ལྟར་ན། ཡེ་མིན་གྱི་ཙུང་ཐུང་མགོ་ཁྲིད་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཨ་ལི་མུས་ཀྱིས་ཉིན་དེར་ཕྱི་འབྲེལ་བློན་ཆེན་ཨེ་ཧཱ་མེད་ཏི་སྐབས་གསར་བའི་སྲིད་གཞུང་གི་ཙུང་ལིར་བསྐོ་འཇོག་བྱས་པ་ཁྱབ་བསྒྲགས་བྱས་ཟེར།
ཨ་ལི་མུས་ཀྱིས་ད་རུང་ཁྱབ་བསྒྲགས་བྱས་དོན། དེའི་སྔོན་ཙུང་ལིའི་འགན་ཁུར་བའི་སེ་དབྱེ་ཏི་ཡིས་ཡེ་མིན་གྱི་ཙུང་ཐུང་མགོ་ཁྲིད་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིའི་བློ་འདོན་པའི་འགན་ཁུར་རྒྱུ་རེད་ཟེར།
ཨེ་ཧཱ་མེད་ཏི་ཉིས་སྟོང་བཅུ་བཞི་ལོར་སྐབས་དེའི་ཡེ་མིན་གྱི་ཙུང་ཐུང་ཧཱ་ཏིས་ཀྱིས་ཙུང་ཐུང་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་དུ་བསྐོ་འཇོག་བྱས། ཉིས་སྟོང་བཅོ་ལྔ་ལོའི་ཟླ་དང་པོའི་ཚེས་བཅུ་བདུན་ཉིན། ཨེ་ཧཱ་མེད་ཏི་ཧུའུ་སེ་དྲག་ཆས་པས་བཙན་ཁྲིད་བྱས་པ་དང་། ཉིན་བཅུའི་རྗེས་སུ་ཕྱིར་བཏང་། དེའི་རྗེས་སུ་ཨེ་ཧཱ་མེད་ཏི་ཡིས་ཨ་མེ་རི་ཁར་སྡོད་པའི་ཡེ་མིན་གྱི་གཞུང་ཚབ་པའི་འགན་ཁུར། ཉིས་སྟོང་ཉི་ཤུ་ལོར། ཨེ་ཧཱ་མེད་ཏི་ཡེ་མིན་སྲིད་གཞུང་གི་ཕྱི་འབྲེལ་བློན་ཆེན་དུ་བསྐོ་འཇོག་བྱས་པ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།