དབྱི་སི་རལ་གྱི་དམག་དཔུང་གིས་བཀག་འཇུག་ཐེབས་པའི་མི་སྣ་སོ་གཅིག་ཅཱ་ཧྲ་ས་ཁུལ་ནས་རྐྱེན་ལམ་དུ་ཤོར་བའི་ཚུལ་བསྟན།
2024.02.07 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 15

དབྱི་སི་རལ་གྱི་རྒྱལ་སྲུང་དམག་དཔུང་གི་མགྲིན་ཚབ་པ་ཧཱ་ཅཱ་ལི་ཡིས་ཚེས་དྲུག་ཉིན་བཤད་རྒྱུར། དབྱི་སི་རལ་གྱི་དམག་དཔུང་གིས་ཉུང་མཐར་ཡང་བཀག་འཇུག་ཐེབས་པའི་མི་སྣ་སོ་གཅིག་ཅཱ་ཧྲ་ས་ཁུལ་ནས་རྐྱེན་ལམ་དུ་ཤོར་བ་བདེན་དཔང་བྱས་ཡོད་ཟེར།

ཧཱ་ཅཱ་ལི་ཡིས་ཉིན་དེའི་དགོང་མོའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། དབྱི་སི་རལ་གྱི་དམག་དཔུང་གིས་གནས་ཚུལ་དེ་བཀག་འཇུག་ཐེབས་པའི་མི་སྣ་སོ་གཅིག་གི་ཁྱིམ་མིར་བརྡ་གཏོང་རྒྱུ་རེད། སྔར་ལས་མང་བའི་བཀག་འཇུག་ཐེབས་པའི་མི་སྣའི་གནས་ཚུལ་ཧུར་ཐག་སྒོས་འཚོལ་སྡུད་བྱེད་བཞིན་ཡོད་ལ། འབྲེལ་ཡོད་ཀྱི་གནས་ཚུལ་དག་ཁྱིམ་མི་དག་ལ་བརྡ་གཏོང་ངེས་ཡིན་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།