ཝུའུ་ཁི་ལན་གྱི་གྲོས་མི་རི་ལེ་ཙི་ནེ་ཡཱ་ཁི་ཡིས་ཚེས་དྲུག་ཉིན་དྲ་ཐོག་ཏུ་རྩོམ་ཡིག་སྤེལ་ནས། ཝུའུ་ཁི་ལན་གྱི་གྲོས་ཁང་གིས་ཉིན་དེར་ཡང་བསྐྱར་ཝུའུ་ཁི་ལན་རྒྱལ་ཁབ་ཀྱི་འཐབ་འཁྲུག་རྣམ་པའི་ཡུན་ཚད་ཉིན་དགུ་བཅུས་ཇེ་རིང་དུ་གཏོང་བའི་ཙུང་ཐུང་བཀའ་རྒྱའི་འཆར་ཟིན་ལ་གྲོས་འཆམ་བྱུང་ཡོད་ཟེར།
ཙུང་ཐུང་གི་བཀའ་རྒྱའི་འཆར་ཟིན་གསར་བ་ལྟར་ན། ཝུའུ་ཁི་ལན་རྒྱལ་ཁབ་ཀྱི་འཐབ་འཁྲུག་རྣམ་པའི་ཡུན་ཚད་དེ་ཟླ་གཉིས་པའི་ཚེས་བཅུ་བཞིའི་ཉིན་ལོངས་རྗེས་ཐེངས་གཅིག་ལ་ཉིན་དགུ་བཅུས་ཇེ་རིང་དུ་གཏོང་རྒྱུ་རེད།
རི་ལེ་ཙི་ནེ་ཡཱ་ཁི་ཡིས་བཤད་རྒྱུར། ཉིན་དེའི་ཕྱི་དྲོར་གྲོས་ཁང་གིས་ཝུའུ་ཁི་ལན་གྱི་ཙུང་ཐུང་ཙེ་ལེན་སི་ཅི་ཡིས་སྤྲོད་པའི་ཡང་བསྐྱར་རྒྱལ་ཁབ་ཀྱི་འཐབ་འཁྲུག་རྣམ་པའི་ཡུན་ཚད་ཉིན་དགུ་བཅུས་ཇེ་རིང་དུ་གཏོང་བའི་སྐོར་གྱི་ཙུང་ཐུང་བཀའ་རྒྱའི་འཆར་ཟིན་ལ་གྲོས་མཐུན་བཀོད་ཡོད་ཟེར། ཁོས་བཤད་རྒྱུར། དེ་ནི་ཉིས་སྟོང་ཉེར་གཉིས་ལོའི་ཟླ་གཉིས་པར་ཨུ་རུ་སི་དང་ཝུའུ་ཁི་ལན་གྱི་འཁྲུག་རྩོད་བྱུང་བའི་ཚུན་ལ། ཝུའུ་ཁི་ལན་གྱི་གྲོས་ཁང་གིས་ཐེངས་བཅུ་བར་བཅའ་ཁྲིམས་བཀའ་རྒྱ་དེའི་ཡུན་ཚད་ཇེ་རིང་དུ་གཏོང་བར་ཆོག་མཆན་བཀོད་པ་རེད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།