ཀྲུང་གོ་དང་ཨ་མེ་རི་ཁའི་དཔལ་འབྱོར་བྱ་བའི་ཚན་ཆུང་གིས་གྲོས་ཚོགས་ཐེངས་གསུམ་པ་བསྡུས།
2024.02.07 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 8

གསར་འགོད་པས་ཟླ་གཉིས་པའི་ཚེས་དྲུག་ཉིན་ནོར་སྲིད་པུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཀྲུང་གོ་དང་ཨ་མེ་རི་ཁའི་དཔལ་འབྱོར་བྱ་བའི་ཚན་ཆུང་གིས་ཚེས་ལྔ་ཉིན་ནས་ཚེས་ཉེར་དྲུག་ཉིན་བར་པེ་ཅིང་ནས་གྲོས་ཚོགས་ཐེངས་གསུམ་པ་བསྡུས་པ་དང་། རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་ཁྱབ་ཁོངས་ཀྱི་འབྲེལ་ཡོད་སྡེ་ཁག་གྲོས་ཚོགས་ལ་ཞུགས།

ཀྲུང་གོ་དང་ཨ་མེ་རི་ཁ་ཕྱོགས་གཉིས་ཀྱིས་ཕྱོགས་གཉིས་ཀྱི་མགོ་ཁྲིད་པས་ཅིག་ཅིན་ཧྲན་ནས་གྲོས་མོལ་མཛད་སྐབས་བཀོད་པའི་ཐུན་མོང་གི་ལྟ་ཚུལ་གལ་ཆེན་གསུམ་དང་། རྒྱལ་ཁབ་གཉིས་ཀྱི་ཆེ་མཐོང་དཔལ་འབྱོར་གནས་བབ་དང་སྲིད་ཇུས། རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་ནོར་སྲིད་དངུལ་ལོར་མཉམ་ལས། འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་བུ་ལོན། ཐོན་ལས་སྲིད་ཇུས་སོགས་གྲོས་གཞིའི་ཐད་ནས་གཏིང་ཟབ་ཅིང་ལྷག་བསམ་རྣམ་དག་དང་དངོས་གཉེར་དང་འཛུགས་སྐྲུན་ལྡན་པའི་བརྗེ་རེས་བྱས། ཀྲུང་གོ་ཕྱོགས་ཀྱིས་ཨ་མེ་རི་ཁས་ཀྲུང་གོར་སྒོ་ཁྲལ་ཁ་སྣོན་བྱས་པ་དང་ཕྱོགས་གཉིས་ཀྱི་དངུལ་གཏོང་ལ་ཚོད་འཛིན་བྱས་པ། ཀྲུང་གོའི་ཁེ་ལས་ལ་བཀག་སྡོམ་བྱས་པ་སོགས་ཀྱི་གནད་དོན་ལ་སེམས་ཁུར་བྱེད་པའི་ཚུལ་བསྟན། ཕྱོགས་གཉིས་ཀྱིས་མུ་མཐུད་དུ་འབྲེལ་འདྲིས་སྲུང་འཛིན་བྱེད་པར་ཡིད་འཐད་བྱུང་།


བསོད་ནམས་ཚེ་རིང་གིས་བསྒྱུར།