ཐུར་ཁེའི་ཙུང་ཐུང་གིས་ས་ཡོམ་གནོད་ཐེབས་ས་ཁུལ་གྱི་རྨང་གཞིའི་སྒྲིག་ཆས་ཀྱི་འཆར་འགོད་འཛུགས་སྐྲུན་ལ་ཤུགས་སྣོན་བྱེད་རྒྱུའི་ཚུལ་བསྟན།
2024.02.08 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 18

ཐུར་ཁེའི་ཙུང་ཐུང་ཨེ་ཨར་ཏའོ་ཨན་གྱིས་ཚེས་དྲུག་ཉིན་ཐུར་ཁེ་དང་སི་རི་ཡཱའི་ས་ཡོམ་ཆེན་མོའི་ས་ཡོམ་བྱུང་ས་གཙོ་བོ། ཐུར་ཁེའི་ཁཱ་ཧི་ལཱ་མན་མཱ་ལཱ་ཧྲི་གྲོང་ཁྱེར་ནས་བཤད་རྒྱུར། སྲིད་གཞུང་གིས་ས་ཡོམ་གནོད་ཐེབས་ས་ཁུལ་གྱི་རྨང་གཞིའི་སྒྲིག་ཆས་ཀྱི་འཆར་འགོད་དང་འཛུགས་སྐྲུན་ལ་ཤུགས་སྣོན་བྱེད་རྒྱུ་ཡིན་ཟེར།

ཟླ་གཉིས་པའི་ཚེས་དྲུག་ཉིན་ནི་ཐུར་ཁེ་དང་སི་རི་ཡཱ་རུ་ས་ཡོམ་ཆེན་མོ་བྱུང་ནས་ལོ་གཅིག་འགོར་བའི་ཉིན་ཡིན་པ་དང་། ཨེ་ཨར་ཏའོ་ཨན་གྱིས་ཁཱ་ཧི་ལཱ་ མན་མཱ་ལཱ་ཧྲི་གྲོང་ཁྱེར་དུ་ས་ཡོམ་རྗེས་སུ་གསར་དུ་ལས་པའི་ཁང་བའི་བརྒྱུད་སྤྲོད་མཛད་སྒོ་ཞིག་ལ་ཞུགས། ཁོས་བཤད་རྒྱུར། ང་ཚོས་ས་ཡོམ་གྱི་གནོད་ཐེབས་ས་ཁུལ་དུ་ཁང་བ་དང་སྲང་ལམ་ལས་པ་ཙམ་མ་ཡིན་པར། ང་ཚོས་དུས་མཚུངས་སུ་རྨང་གཞིའི་སྒྲིག་ཆས་ཀྱི་འཛུགས་སྐྲུན་ལ་ཤུགས་སྣོན་བྱས་ཏེ། ང་ཚོས་གྲོང་ཁྱེར་གྱི་ཐོན་སྐྱེད་དང་ལས་ཞུགས། ཕྱིར་གཏོང་བཅས་ཀྱི་ཐད་ནས་འཕེལ་རྒྱས་སུ་གཏོང་བར་གྲ་སྒྲིག་གང་ལེགས་བྱེད་དགོས་ཟེར།

ཨེ་ཨར་ཏའོ་ཨན་གྱིས་བཤད་རྒྱུར། སྲིད་གཞུང་གིས་ས་ཡོམ་གྱི་གནོད་པ་ཚབས་ཆེན་ཐེབས་པའི་ས་ཁུལ་འཆར་འགོད་དང་བཟོ་ལས་ར་བ་ཆེ་གྲས་འཛུགས་སྐྲུན་བྱེད་རྒྱུ་ཡིན། ང་ཚོས་ཁཱ་ཧི་ལཱ་མན་མཱ་ལཱ་ཧྲི་རུ་རྒྱལ་ས་ཨན་ཁཱ་ལཱའི་རྗེས་ཀྱི་རྒྱལ་སྲུང་དང་མཁའ་འགྲུལ་བཟོ་ལས་ཀྱི་ལྟེ་གནས་གཉིས་པ་འཛུགས་སྐྲུན་བྱེད་བཞིན་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།