ཨུ་རུ་སི་ཡིས་ཙུང་ཐུང་འདེམ་བསྐོའི་འདེམ་སྒུག་མི་སྣའི་ཐོ་འགོད་བྱ་བ་ཡོངས་འགྲུབ་བྱས།
2024.02.09 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 29

ཨུ་རུ་སིའི་ཀྲུང་དབྱང་འདེམ་བསྐོ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཕཱ་མུའུ་ཧྥེ་ལོ་ཝ་ཡིས་ཚེས་བརྒྱད་ཉིན་བསྟན་དོན། ཉིས་སྟོང་ཉེར་བཞི་ལོའི་ཨུ་རུ་སིའི་ཙུང་ཐུང་འདེམ་བསྐོའི་འདེམ་སྒུག་མི་སྣའི་ཐོ་འགོད་བྱ་བ་ཡོངས་འགྲུབ་བྱས་པ་དང་། སྐབས་ཐོག་དེར་ཙུང་ཐུང་འདེམ་བསྐོའི་འདེམ་ཤོག་སྟེང་དུ་ད་ལྟའི་ཙུང་ཐུང་ཕུའུ་ཅིན་དང་བཅས་པའི་འདེམ་སྒུག་མི་སྣ་བཞིའི་མིང་ཡོད་ངེས་རེད།

ཕཱ་མུའུ་ཧྥེ་ལོ་ཝ་ཡིས་ཉིན་དེར་བསྟན་དོན། བདེ་བླག་ངང་ཐོ་འགོད་བྱས་པའི་ཙུང་ཐུང་གི་འདེམ་སྒུག་མི་སྣ་བཞི་ནི་སོ་སོར་ཕུའུ་ཅིན་དང་ཨུ་རུ་སིའི་རང་དབང་དམངས་གཙོ་ཏང་གི་སི་ལུའུ་ཚི་ཅི། ཨུ་རུ་སི་རྒྱལ་ཕྲན་མཉམ་འབྲེལ་གུང་ཁྲན་ཏང་གི་ཧཱ་ལི་ཐའོ་ནོའུ་ཧྥུའུ། ཨུ་རུ་སིའི་མི་གསར་ཏང་གི་ཏཱ་ཝན་ཁི་ཧྥུའུ་བཅས་རེད་ཟེར།

བསྒྲགས་པ་ལྟར་ན། ཨུ་རུ་སིའི་ཀྲུང་དབྱང་འདེམ་བསྐོ་ཨུ་ཡོན་ལྷན་ཁང་གིས་དེའི་སྔོན་ཨུ་རུ་སིའི་སྤྱི་དམངས་གྲོས་འདོན་ཏང་གི་ནཱ་ཅེ་རི་ཅིན་སོགས་ཀྱིས་སྤྲད་པའི་འདེམ་བསྐོར་ཞུགས་པའི་རྒྱུ་ཆ་དང་ལེན་མ་བྱས། ཨུ་རུ་སིའི་འདེམ་བསྐོའི་འབྲེལ་ཡོད་ཀྱི་གཏན་འཁེལ་ལྟར་ན། ཨུ་རུ་སིའི་ཀྲུང་དབྱང་འདེམ་བསྐོ་ཨུ་ཡོན་ལྷན་ཁང་གིས་ངེས་པར་དུ་ཉིས་སྟོང་ཉེར་བཞི་ལོའི་ཟླ་གཉིས་པའི་ཚེས་བཅུ་ཉིན་གྱི་སྔོན་ལ་ཙུང་ཐུང་འདེམ་སྒུག་མི་སྣའི་ཐོ་འགོད་བྱ་བ་ཡོངས་འགྲུབ་བྱེད་དགོས་པ་རེད།

ཨུ་རུ་སིའི་ཉིས་སྟོང་ཉེར་བཞི་ལོའི་ཙུང་ཐུང་འདེམ་བསྐོའི་འདེམ་ཤོག་འཕེན་པའི་བྱ་འགུལ་དེ་ཟླ་གསུམ་པའི་ཚེས་བཅོ་ལྔ་ཉིན་ནས་ཚེས་བཅུ་བདུན་ཉིན་བར་སྤེལ་རྒྱུ་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།