བསྟུད་མར་ཉིན་འགའི་རིང་ལ། རྒྱལ་ཁབ་མང་བོའི་འགོ་ཁྲིད་པ་དང་རྒྱལ་སྤྱིའི་རྩ་འཛུགས་ཀྱི་འགན་ཁུར་པས་ཀྲུང་གོའི་ཤིང་འབྲུག་ལོའི་ལུགས་རྙིང་ལོ་སར་ལ་རྟེན་འབྲེལ་ཞུས་པ་དང་། ཀྲུང་གོའི་བར་གྱི་བརྗེ་རེས་དང་མཉམ་ལས་ལ་ཤུགས་སྣོན་བྱེད་པར་རེ་སྒུག་བྱེད་པའི་ཚུལ་བསྟན།
ཧཱ་སག་སི་ཐན་གྱི་ཙུང་ཐུང་ཐའོ་ཁཱ་ཡེ་ཧྥུའུ་ཡིས་བསྟན་དོན། ཀྲུང་གོས་དར་རྒྱས་འཕེལ་རྒྱས་ཀྱི་ཕྱོགས་སུ་བགྲོད་པའི་ལམ་ཆེན་སྟེང་འོད་སྟོང་འབར་བའི་གྲུབ་འབྲས་ཐོན་ཐུབ་པར་ཡིད་ཆེས་ཡོད་པ་དང་། ཕྱོགས་གཉིས་ཀྱི་མཉམ་ལས་ཆུ་ཚད་མཐོར་འདེགས་བྱུང་ནས། ཧཱ་སག་སི་ཐན་དང་ཀྲུང་གོའི་འབྲེལ་བའི་རྗེས་ཕྱོགས་ཀྱི་ལོ་ངོ་སུམ་ཅུའི་གསེར་ལྡན་གྱི་དུས་སྐབས་གསར་བསྐྲུན་བྱེད་པར་རེ་སྒུག་བྱེད་བཞིན་ཡོད་ཟེར།
ཅིར་ཅི་སི་སི་ཐན་གྱི་ཙུང་ཐུང་ཀྲ་ཕཱ་ལོ་ཧྥུའུ་ཡིས་བསྟན་དོན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་འཛམ་གླིང་ཡོངས་ཀྱི་འཕེལ་རྒྱས་གྲོས་འདོན་དང་འཛམ་གླིང་ཡོངས་ཀྱི་བདེ་འཇགས་གྲོས་འདོན། འཛམ་གླིང་ཡོངས་ཀྱི་དཔལ་ཡོན་གྲོས་འདོན་བཅས་ལ་སྔར་ལས་ལྷག་པར་སྐུལ་འདེད་བཏང་བ་དང་བསྟུན་ནས། ཀྲུང་གོས་རྒྱལ་སྤྱིའི་གར་སྟེགས་སུ་ཀུན་གྱི་མིག་དབང་འཕྲོག་པའི་གྲུབ་འབྲས་ལེན་ཐུབ་པར་ཡིད་ཆེས་ཡོད་ཟེར།
སོ་ཏི་ཨ་རབ་རྒྱལ་ཁབ་ཀྱི་རྒྱལ་བོ་སཱ་ལེ་མན་དང་། རྒྱལ་རྒྱུད་དམ་དབུ་བཞུགས་བློན་ཆེན་མུའུ་ཧན་མའོ་ཏི། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་ཙུང་ཐུང་མུའུ་ཧན་མའོ་ཏི། ཁཱ་ཐར་གྱི་མགོ་ཁྲིད་པ་ཐཱ་མུས་མུའུ་བཅས་ཀྱིས་སོ་སོར་ཀྲུའུ་ཞི་ཞི་ཅིན་ཕིང་ལ་ཆེས་ལྷག་བསམ་རྣམ་དག་གིས་རྟེན་འབྲེལ་ཞུས་པ་དང་། ཆེས་བཟང་བའི་སྨོན་འདུན་ཞུས་པར་མ་ཟད། མཛའ་མཐུན་ལྡན་པའི་ཀྲུང་གོར་སྔར་ལས་འཕེལ་རྒྱས་གོང་འཕེལ་འབྱུང་བའི་སྨོན་འདུན་ཞུས།
བསོད་ནམས་ཚེ་རིང་གིས་བསྒྱུར།