བསྟུད་མར་ཉིན་འགའི་རིང་ལ། རྒྱལ་ཁབ་མང་བོའི་འགོ་ཁྲིད་པ་དང་རྒྱལ་སྤྱིའི་རྩ་འཛུགས་ཀྱི་འགན་ཁུར་པས་ཀྲུང་གོའི་ལུགས་རྙིང་གི་འབྲུག་ལོའི་ལོ་སར་ལ་རྟེན་འབྲེལ་ཞུས་པ་དང་། ལྷག་བསམ་རྣམ་དག་གི་སྨོན་འདུན་ཞུས།
ཐཱ་ཅི་ཁི་སི་ཐན་གྱི་ཙུང་ཐུང་ལཱ་ཧི་མིན་གྱིས་བསྟན་དོན། ཀྲུང་གོས་རྒྱུན་མཐུད་འཕེལ་རྒྱས་ཀྱི་བགྲོད་ལམ་སྟེང་གོམ་སྟབས་བརྟན་པོས་མདུན་བསྐྱོད་བྱེད་པ་དང་། རྒྱལ་སྤྱིའི་གོ་གནས་དང་ཤུགས་རྐྱེན་རྒྱུན་ཆད་མེད་པར་མཐོར་འདེགས་བྱུང་བ་མཐོང་ནས་དགའ་སྤྲོ་ཆེན་པོ་སྐྱེས་ཡོད། ཐཱ་ཅི་ཁི་སི་ཐན་དང་ཀྲུང་གོའི་མཉམ་ལས་ལ་སྔར་ལས་གྲུབ་འབྲས་མངོན་གསལ་ཐོབ་པར་ཡིད་ཆེས་ཡོད་ཟེར།
ཐུའུ་ཁུའུ་མན་སི་ཐན་གྱི་ཙུང་ཐུང་ཞེ་པེ་ཨར་ཏི་མུའུ་ཧཱ་མཱེ་ཏའོ་ཧྥུའུ་དང་། མི་རིགས་ཀྱི་གཙོ་འཛིན། མི་དམངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཁུའུ་པེ་ཨར་ཏི་མུའུ་ཧཱ་མཱེ་ཏའོ་ཧྥུའུ་གཉིས་ཀྱིས་ཀྲུའུ་ཞི་ཞི་ཅིན་ཕིང་དང་མཛའ་མཐུན་ལྡན་པའི་ཀྲུང་གོའི་མི་དམངས་ཡོངས་ལ་ལྷག་བསམ་རྣམ་དག་གིས་རྟེན་འབྲེལ་ཞུས་པ་དང་། ཐུའུ་ཁུའུ་མན་སི་ཐན་དང་ཀྲུང་གོའི་མཉམ་ལས་ལ་བསྟུར་མར་སྐུལ་འདེད་གང་ལེགས་བཏང་ནས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་ཐུབ་པར་ཡིད་ཆེས་ཟབ་མོ་ཡོད་ཟེར།
ཝུའུ་ཙི་པེ་ཁི་སི་ཐན་གྱི་ཙུང་ཐུང་མུས་ཨར་ཅི་ཡའོ་ཡེ་ཧྥུའུ་ཡིས་བསྟན་དོན། ལུགས་རྙིང་ལོ་སར་སྐབས་སུ་སྤྲོ་སྐྱིད་དང་ཞི་མཐུན་གྱི་རྣམ་པས་ཁེངས་ཡོད་ཅིང་། མཛའ་བརྩེ་དང་འཆམ་མཐུན། མཐུན་སྒྲིལ་བཅས་ལ་སྐུལ་འདེད་བཏང་ཡོད། ལོ་གསར་བའི་ནང་ཝུའུ་ཙི་པེ་ཁི་སི་ཐན་དང་ཀྲུང་གོའི་འབྲེལ་བ་དེ་ཆུ་ཚད་སྔར་ལས་མཐོན་པོ་ཞིག་ཏུ་བསླེབས་ནས། མཉམ་ལས་ཀྱི་སྦས་ཤུགས་ཆེན་པོ་འདོན་ཐུབ་པར་ཡིད་ཆེས་ཡོད་ཟེར།
སི་རི་ཡཱའི་ཙུང་ཐུང་པཱ་ཧྲ་ཨར་གྱིས་བསྟན་དོན། སི་རི་ཡཱ་དང་ཀྲུང་གོའི་མཛའ་མཐུན་འགྲོ་འོང་གི་ལོ་རྒྱུས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱིས་མཉམ་དུ་རྒྱུན་འཁྱོངས་བྱེད་པའི་རིན་ཐང་ལྟ་བ་དེ་ཕྱོགས་གཉིས་དམ་དུ་སྦྲེལ་བའི་འབྲེལ་ཐག་ལྟ་བུར་གྱུར་ཡོད། མཉམ་དུ་སི་རི་ཡཱ་དང་ཀྲུང་གོའི་མཉམ་ལས་ཀྱི་མདུན་ལྗོངས་རྒྱ་ཆེན་པོ་གསར་འབྱེད་བྱས་ནས། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་འདོད་ཡོད་ཟེར།
ཐུ་ནི་ཞི་ཡཱའི་ཙུང་ཐུང་སེ་དབྱེ་ཏི་ཡིས་ཀྲུའུ་ཞི་ཞི་ཅིན་ཕིང་ལ་འབྲུག་ལོའི་ལྷག་བསམ་རྣམ་དག་གི་རྟེན་འབྲེལ་དང་སྨོན་འདུན་བཟང་བོ་ཞུས་པར་མ་ཟད། ཀྲུང་གོའི་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ནས། ཐུ་ནི་ཞི་ཡཱ་དང་ཀྲུང་གོའི་བར་འབྲེལ་བ་བཙུགས་ནས་ལོ་ངོ་དྲུག་ཅུ་འགོར་བར་མཉམ་དུ་དགའ་སྟོན་རྟེན་འབྲེལ་ཞུས་ནས། རྒྱལ་ཁབ་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་མཉམ་ལས་དངོས་འབེབས་བྱེད་པར་སྐུལ་འདེད་བཏང་སྟེ་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་འདོད་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།