རྒྱལ་ཁབ་མང་བོའི་འགོ་ཁྲིད་པ་དང་རྒྱལ་སྤྱིའི་རྩ་འཛུགས་ཀྱི་འགན་ཁུར་པས་ལང་ལོང་སྒོས་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ལ་གློག་འཕྲིན་དང་འཕྲིན་ཡིག་བསྐུར་ནས། ཀྲུང་གོའི་མི་དམངས་ཀྱི་ལུགས་རྙིང་གི་འབྲུག་ལོའི་ལོ་སར་ལ་རྟེན་འབྲེལ་སྨོན་འདུན་ཞུས།
སེ་ནེ་ཀལ་གྱི་ཙུང་ཐུང་སཱ་ལེ་ཡིས་ཀྲུང་གོའི་མི་དམངས་བདེ་སྐྱིད་ལྡན་ཞིང་བདེ་ཐང་ཡོང་བའི་སྨོན་འདུན་ཞུས་པ་དང་། སེ་ནེ་ཀལ་དང་ཀྲུང་གོའི་སྤུས་ཚད་མཐོ་བའི་མཛའ་མཐུན་འབྲེལ་བར་མུ་མཐུད་དུ་སྐུལ་འདེད་གཏོང་རྒྱུའི་ཚུལ་བསྟན།
ཀཱ་ནཱའི་ཙུང་ཐུང་ཨ་ཁུའུ་ཧྥུའུ་ཨ་ཏའོ་ཡིས་བསྟན་དོན། ལོ་གསར་བའི་ནང་ཀཱ་ནཱ་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་སྔར་ལས་མང་བའི་རྒྱལ་ཁ་དང་དར་རྒྱས་འབྱུང་བར་རེ་བཞིན་ཡོད་ཟེར།
ཁི་ལོ་ཏི་ཡཱའི་ཙུང་ཐུང་མུས་ལཱ་ནོའུ་ཝེ་ཆི་ཡིས་བསྟན་དོན། མཛའ་མཐུན་ལྡན་པའི་ཀྲུང་གོའི་མི་དམངས་ཀྱི་ལུས་ཕུང་བདེ་ཐང་དང་འཚོ་བ་བདེ་སྐྱིད་ལྡན་ལ། ཀྲུང་གོ་སྔར་ལས་དར་རྒྱས་གོང་འཕེལ་དུ་འགྲོ་བའི་སྨོན་འདུན་ཞུས།
པུར་ཀ་རི་ཡཱའི་ཙུང་ཐུང་ལཱ་ཏི་ཧྥུའུ་ཡིས་ཀྲུང་གོའི་མི་དམངས་དག་འབྲུག་གི་ལོར་བདེ་ཐང་ཡོང་བ་དང་ཅི་བསམ་ལྷུན་གྱིས་འགྲུབ་པའི་སྨོན་འདུན་ཞུས།
བསོད་ནམས་ཚེ་རིང་གིས་བསྒྱུར།