ལུགས་རྙིང་ལོ་སར་ལ་དགའ་སྟོན་རྟེན་འབྲེལ་ཞུ་བའི་བྱ་འགུལ་རྒྱལ་ཁབ་མང་བོ་ནས་སྤེལ།
2024.02.14 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 26

བསྟུད་མར་ཉིན་འགའི་རིང་ལ་རྒྱལ་ཁབ་མང་བོས་སྣ་མང་ཕུན་སུམ་ཚོགས་པའི་བྱ་འགུལ་སྤེལ་བ་དང་། ཀྲུང་གོའི་མཚོན་བྱེད་དུ་གྱུར་བའི་དམར་མདོག་གིས་སྲང་ལམ་ཆེ་ཆུང་ཚང་མ་བརྒྱན་པ་དང་། ཕྱི་སྡོད་རང་མི་དང་ས་གནས་མང་ཚོགས་ཀྱིས་མཉམ་དུ་ལུགས་རྙིང་ལོ་སར་ལ་དགའ་སྟོན་རྟེན་འབྲེལ་ཞུས་ནས། ཀྲུང་གོའི་སྲོལ་རྒྱུན་རིག་གནས་ཀྱི་སྤྲོ་དགའ་དང་ལོ་སར་གྱི་སྤྲོ་སྣང་ཉམས་སུ་མྱངས།

ཨུ་རུ་སིའི་རྒྱལ་ས་མའོ་སི་ཁོའི་དམར་ཐང་དང་ཐག་མི་རིང་བའི་ཁཱ་མཱེ་ཨར་ཀི་ཨར་སི་ཅི་གྲུ་ཁར། མའོ་སི་ཁོ་གྲོང་ཁྱེར་གྱི་ཀྲུང་གོའི་ལུགས་རྙིང་ལོ་སར་ལ་དགའ་སྟོན་རྟེན་འབྲེལ་ཞུ་བའི་བྱ་འགུལ་སྤྲོ་སྐྱིད་ངང་སྤེལ་བཞིན་ཡོད། ས་དེའི་གྲོང་ཁྱེར་སྡོད་དམངས་དང་ཕྱི་རྒྱལ་གྱི་གནས་སྐོར་བ་དག་གིས་བཟའ་བཏུང་གི་བྲོ་བར་མྱངས་པ་དང་། ཀྲུང་གོའི་ཡིག་གཟུགས་ལ་སློབ་སྦྱོང་བྱེད་པའི་བརྒྱུད་རིམ་ཁྲོད་ནས་ལུགས་རྙིང་ལོ་སར་གྱི་སྣང་ཚུལ་བཟང་བོར་མྱོང་རོལ་བྱས།

ཉིན་འདི་འགའི་རིང་ལ། དབྱི་ཐཱ་ལེའི་མུས་ལན་གྱི་ཕྱི་སྡོད་རང་མིའི་སྡེ་ཁུལ་དུ་མི་ཚོགས་ཀྱི་བཀང་འདུག ཀྲུང་གོའི་སྲོལ་རྒྱུན་གྱི་འབྲུག་སེང་འཁྲབ་སྟོན་དང་རིགས་སྣ་ཚོགས་ཀྱི་རིག་རྩལ་འཁྲབ་སྟོན་གྱིས་ས་དེའི་གྲོང་ཁྱེར་སྡོད་དམངས་དང་གནས་སྤོར་བ་མང་བོའི་བློ་ཁ་བཀུག་ཡོད། ཚང་མས་སྤྲོ་དགའི་ལུགས་རྙིང་ལོ་སར་གྱི་བྱ་འགུལ་ཁྲོད་ནས་ཀྲུང་གོའི་རིག་གནས་ཀྱི་འགུག་ཤུགས་ལ་མྱོང་རོལ་བྱས།

ཧང་ག་རིའི་རྒྱལ་ས་པུའུ་ཏཱ་ཕའེ་སིའི་ལུགས་རྙིང་ལོ་སར་གྱི་བྱ་འགུལ་སྟེང་། ཡིག་གཟུགས་དང་ཀྲུང་གོའི་སྲོལ་རྒྱུན་རི་མོ། ཀ་རའི་རི་མོ། སི་ཁྲོན་གྱི་གཙགས་དྲུབས། སྨྱུག་སླས་སོགས་ཀྲུང་གོའི་རིག་གནས་མྱོང་རོལ་བྱེད་པའི་བྱ་འགུལ་ལས་མི་ཁྲི་གསུམ་ཙམ་གྱི་བློ་ཁ་དྲངས་ཡོད།

ཁུན་ནེ་ཡཱའི་རྒྱལ་ས་ནེ་ལོ་པུས་ནས་སྤེལ་བའི་ས་དེའི་ལུགས་རྙིང་ལོ་སར་གྱི་བྱ་འགུལ་ཐོག་མའི་སྟེང་། ཀྲུང་གོ་དང་ཁུན་ནེ་ཡཱ་རྒྱལ་ཁབ་གཉིས་ཀྱི་རིག་རྩལ་དགའ་མོས་མཁན་གྱིས་མཉམ་དུ་འབྲུག་སེང་འཁྲབ་སྟོན་དང་ཞབས་བྲོ། ཟློས་གར། ཀྲུང་གོའི་སྲོལ་རྒྱུན་གྱོན་ཆས་སོགས་ཀྱི་ལེ་ཚན་མང་བོ་འཁྲབ་སྟོན་བྱས།


བསོད་ནམས་ཚེ་རིང་གིས་བསྒྱུར།