ཕཱ་ལེ་སི་ཐན་གྱི་ཙུང་ཐུང་གིས་མྱུར་མོར་བཀག་འཇུག་ཐེབས་པའི་མི་སྣ་ཕྱིར་གཏོང་བའི་གྲོས་མོལ་ཡོངས་འགྲུབ་བྱེད་དགོས་པའི་འབོད་སྐུལ་བཏང་།
2024.02.15 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 25

ཕཱ་ལེ་སི་ཐན་གྱི་ཙུང་ཐུང་ཨ་པཱ་སི་ཡིས་ཚེས་བཅུ་བཞི་ཉིན་གསལ་སྒྲོག་སྤེལ་ཏེ། ཕྱོགས་སོ་སོ་དང་ཁྱད་པར་དུ་ཕཱ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧཱ་མཱ་སི་ཡིས་གང་མགྱོགས་སྒོས་བཀག་འཇུག་ཐེབས་པའི་མི་སྣ་ཕྱིར་གཏོང་བའི་གྲོས་མོལ་ཡོངས་འགྲུབ་བྱེད་དགོས་པའི་འབོད་སྐུལ་བཏང་།

ཨ་པཱ་སི་ཡིས་ཕཱ་ལེ་སི་ཐན་འཕྲིན་གཏོང་ཁང་བརྒྱུད་དེ་གསལ་སྒྲོག་སྤེལ་ནས། གྲོས་མོལ་ཡོངས་འགྲུབ་བྱས་ན་ཕཱ་ལེ་སི་ཐན་གྱི་མི་དམངས་ལ་གནོད་འཚེ་རང་བཞིན་གྱི་ཆགས་འཇིག་མི་ཐེབས་པར་བྱེད་ཐུབ་པར་མ་ཟད། དབྱི་སི་རལ་གྱིས་སྔར་ལས་ལྷག་པའི་སྒོ་ནས་ཅཱ་ཧྲའི་ལྷོ་ཕྱོགས་ཀྱི་ལཱ་ཧྥ་གྲོང་ཁྱེར་དུ་དཔུང་འཇུག་བྱེད་པར་ཡང་སྔོན་འགོག་བྱེད་ཐུབ་ཟེར།

ཨ་པཱ་སི་ཡིས་བཤད་རྒྱུར། མིག་སྔའི་གནས་བབ་འཕེལ་རྒྱས་དེ་བཟོད་བསྲན་བྱེད་ཐབས་མེད་པའི་གནས་སུ་བསླེབས་ཡོད་པས། ཕྱོགས་སོ་སོས་དོན་དེའི་ཆེད་དུ་འགན་འཁྲི་ཁུར་དུ་ལེན་དགོས་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།