ཨ་སེ་པེད་ཅང་གི་གསར་དུ་བདམས་ཐོན་བྱུང་བའི་ཙུང་ཐུང་ཨ་ལེ་ཡེ་ཧྥུའུ་ཡིས་ཚེས་བཅུ་བཞི་ཉིན་རྒྱལ་ས་པཱ་ཁུའུ་ནས་དམ་བཅའ་བཞག་སྟེ་ལས་འགན་ཁུར།
ཨ་ལེ་ཡེ་ཧྥུའུ་ཡིས་ཉིན་དེར་དམ་བཅའ་འཇོག་པའི་མཛད་སྒོའི་སྟེང་ཁས་ལེན་བྱས་དོན། མུ་མཐུད་དུ་རྒྱལ་ཁབ་ཀྱི་ཕྱོགས་ཡོངས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་མངའ་ཁོངས་ཆ་ཚང་ཡོང་བར་སྲུང་སྐྱོབ་བྱེད་པའི་ཐད་འབད་པ་ལྷོད་མེད་བྱེད་རྒྱུ་ཡིན་ཟེར། ཁོས་བསྟན་དོན། ཨ་སེ་པེད་ཅང་གིས་མ་འོངས་པར་མུ་མཐུད་དུ་དམག་དཔུང་གི་འཛུགས་སྐྲུན་ལ་ཤུགས་སྣོན་དང་། སློབ་གསོའི་ལས་དོན་འཕེལ་རྒྱས་སུ་གཏོང་བ། དབུལ་ཕོངས་སེལ་བ་བཅས་ལ་ཤུགས་སྣོན་བྱས་ཏེ། ལག་རྩལ་གསར་གཏོད་དང་ཞིབ་འཇུག་གསར་སྤེལ་ལ་ཤུགས་སྣོན་བྱས་ཐོག འགྲིམ་འགྲུལ་སྒྲིག་ཆས་ཀྱི་འཕེལ་རྒྱས་ལ་མྱུར་དུ་སྐུལ་འདེད་གཏོང་དགོས། རྡོ་སྣུམ་དང་རང་བྱུང་སོལ་རླངས་སོགས་སྲོལ་རྒྱུན་གྱི་ནུས་ཁངས་ཁྱབ་ཁོངས་ཀྱི་རྒྱུན་མཐུད་འཕེལ་རྒྱས་ལ་འགན་སྲུང་བྱས་ནས། ཧུར་ཐག་སྒོས་ཡང་བསྐྱར་བེད་སྤྱོད་བྱས་ཆོག་པའི་ནུས་ཁུངས་ཐོན་ལས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ཟེར།
ཨ་སེ་པེད་ཅང་ཀྲུང་དབྱང་འདེམ་བསྐོ་ཨུ་ཡོན་ལྷན་ཁང་གིས་ཚེས་བརྒྱད་ཉིན་ཁྱབ་བསྒྲགས་བྱས་དོན། ཨ་ལེ་ཡེ་ཧྥུའུ་ལ་ཚེས་བདུན་ཉིན་སྤེལ་བའི་ཙུང་ཐུང་འདེམ་བསྐོའི་ཁྲོད་རྒྱལ་ཁ་ཐོབ་ནས་བསྟུད་མར་ཨ་སེ་པེད་ཅང་གི་ཙུང་ཐུང་འགན་ཁུར་བ་རེད།
ཨ་སེ་པེད་ཅང་གིས་ཙུང་ཐུང་ལམ་ལུགས་ལག་བསྟར་བྱེད་ཅིང་། ཨ་ལེ་ཡེ་ཧྥུའུ་ཉིས་སྟོང་གསུམ་ལོར་ཐོག་མར་ཙུང་ཐུང་དུ་བདམས་པ་དང་། དེའི་རྗེས་སུ་ཉིས་སྟོང་བརྒྱད་ལོ་དང་ཉིས་སྟོང་བཅུ་གསུམ་ལོ། ཉིས་སྟོང་བཅོ་བརྒྱད་ལོ་བཅས་ལ་ཐེངས་གསུམ་ལ་བསྟུད་འགན་ཁུར་བ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།