ལུགས་རྙིང་ལོ་སར་ལ་དགའ་སྟོན་རྟེན་འབྲེལ་ཞུ་བའི་བྱ་འགུལ་སྣ་ཚོགས་རྒྱལ་ཁབ་མང་བོ་ནས་སྤེལ།
2024.02.16 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

བསྟུད་མར་ཉིན་འགའི་རིང་ལ། རྒྱལ་ཁབ་མང་བོས་སྤྲོ་སྐྱིད་ཀྱི་ལུགས་རྙིང་ལོ་སར་དང་འབྲུག་གི་ལོའི་དཔྱིད་ཀའི་སྤྲོ་འཆམ་སོགས་བྱ་འགུལ་སྣ་མང་ཕུན་སུམ་ཚོགས་པ་བསྡུས།

ཉེ་སྔོན་སྤྲོ་སྐྱིད་ཀྱི་ལུགས་རྙིང་ལོ་སར་གྱི་བྱ་འགུལ་དེ་དབྱི་ཐཱ་ལེའི་ཝེ་ནེ་སིའི་ཧྲིན་མཱ་ཁི་ཐང་ཆེན་ནས་བསྡུས། ཀྲུང་གོའི་སྲོལ་རྒྱུན་གྱི་གྱོན་ཆས་འཁྲབ་སྟོན་གྱིས་ཚང་མའི་མིག་དབང་ཅིག་ཅར་དུ་འཕྲོག ད་རུང་འབྲུག་སེང་འཁྲབ་སྟོན་དང་རླུང་གཡབ་ཞབས་བྲོ་སོགས་སྲོལ་རྒྱུན་གྱི་འཁྲབ་སྟོན་ཀྱང་དུས་མཉམ་དུ་སྤེལ། ཐེངས་འདིའི་ཀྲུང་གོའི་ལུགས་རྙིང་ལོ་སར་གྱི་དགའ་སྟོན་རྟེན་འབྲེལ་བྱ་འགུལ་དང་ཝེ་ནེ་སིའི་སྤྲོ་སྐྱིད་དུས་ཆེན་དུས་མཉམ་དུ་མིང་གྲགས་ཆེ་བའི་ཆུ་མཁར་ནས་སྤེལ་ནས་འོད་སྟོང་རྣམ་པར་བཀྲ་ཡོད།

ཨ་ཧྥེ་རི་ཁ་ལྷོ་མའི་ཁའེ་ཕུའུ་ཏོན་གྱི་ལུགས་རྙིང་ལོ་སར་གྱི་མཉམ་སྤྲོའི་བྱ་འགུལ་གྱིས་མི་སྟོང་ཕྲག་འགའི་བློ་ཁ་བཀུག་པ་དང་། འཁྲབ་སྟོན་པ་ཚོས་ངོ་མཚར་བའི་འབྲུག་སེང་འཁྲབ་སྟོན་བྱས་པ་དང་ཨ་ཧྥེ་རི་ཁ་ལྷོ་མའི་ན་གཞོན་ཚོས་ད་རུང་སེམས་ཞིབ་མོས་སྦྱངས་པ་བྱས་པའི་ཀྲུང་གོའི་དྲག་རྩལ་འཁྲབ་སྟོན་བྱས་ནས། ཀྲུང་གོའི་སྲོལ་རྒྱུན་རིག་གནས་ལ་དགའ་ཞེན་ཆེ་བ་མཚོན་པར་བྱས།

ཁམ་ཕུ་ཀྲེའི་ཅིན་པེན་ནས་བསྡུས་པའི་ལུགས་རྙིང་ལོ་སར་གྱི་དགའ་སྟོན་བྱ་འགུལ་སྟེང་། རིག་རྩལ་འཁྲབ་སྟོན་དང་ལག་ཤེས་བཟོ་རྩལ་འགྲེམ་སྟོན་ཡོད་པར་མ་ཟད། གབ་ཚིག་སོགས་སྲོལ་རྒྱུན་གྱི་ཟློས་གར་མྱོང་ཁུལ་ཡང་ཡོད་ལ། ཟབ་ཞུགས་མཁན་མང་བོ་ཡོད། ཐེངས་འདིའི་ཁམ་ཕུ་ཀྲེའི་ལུགས་རྙིང་ལོ་སར་གྱི་བྱ་འགུལ་གྱིས་ཀྱང་ཉིས་སྟོང་ཉེར་བཞི་ལོའི་ཀྲུང་གོ་དང་ཁམ་ཕུ་ཀྲེའི་མི་གཞུང་བརྗེ་རེས་ལོའི་བྱ་འགུལ་མགོ་རྩོམ་དུ་བཅུག་ཡོད་ལ། ཀྲུང་གོ་དང་ཁམ་ཕུ་ཀྲེ་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱིས་བརྗེ་རེས་ཇེ་ཟབ་ཏུ་གཏོང་བ་དང་མཉམ་ལས་ལ་མཉམ་དུ་གྲོས་བསྡུར་བྱས། དྲོད་ཁོད་ལྡན་པའི་དཔྱིད་དཔལ་བསུ། ལུགས་རྙིང་ལོ་སར་སྤྲོ་དགའ་རོལ་ཞེས་པའི་ཁྲོམ་སྐོར་བྱ་འགུལ་ཆེན་མོ་ཉེ་སྔོན་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་ཏིས་པེད་ནས་བསྡུས་པ་དང་། ས་དེའི་མང་ཚོགས་མང་བོས་ཀྲུང་གོའི་སྲོལ་རྒྱུན་གྱི་དུས་ཆེན་ལ་རོལ་མྱོང་བྱས་པར་མ་ཟད་ཀྲུང་གོའི་བཟའ་བཏུང་སྣ་ཚོགས་ཀྱི་བྲོ་བར་མྱངས།


བསོད་ནམས་ཚེ་རིང་གིས་བསྒྱུར།