ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་ལག་བསྟར་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཚོགས་ནས་ས་ཁུལ་གྱི་གཏན་འཇགས་སོགས་ཀྱི་གྲོས་གཞི་གཙོ་གནད་དུ་བཟུང་ཡོད།
2024.02.16 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 17

ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་ལག་བསྟར་ལས་འཛིན་ལྷན་ཚོགས་ཀྱི་སྐབས་ཞེ་བཞི་བའི་རྒྱུན་ལས་གྲོས་ཚོགས་ཚེས་བཅུ་བཞི་ཉིན་ཚོགས་མགོ་བརྩམས་པ་དང་། གྲོས་ཚོགས་ནས་གཙོ་བོ་ས་ཁུལ་གྱི་ཞི་བདེ་དང་གཏན་འཇགས། འཛམ་གླིང་ཡོངས་ཀྱི་ཕྱོགས་མང་མ་ལག་སོགས་ཀྱི་གྲོས་གཞི་གནད་དུ་བཟུང་ཡོད། ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཧྥ་ཅི་ཡིས་གཏམ་བཤད་སྤེལ་ཏེ། འཐབ་འཁྲུག་ལ་འབྲེལ་བ་ཡོད་པའི་མི་ཆོས་རིང་ལུགས་ཀྱི་ཉམས་ཉེན་དང་ནམ་ཟླའི་འགྱུར་ལྡོག་གི་ཤུགས་རྐྱེན་སོགས་ཀྱིས་ཨ་ཧྥེ་རི་ཁ་གླིང་གི་དར་རྒྱས་རྣམ་པར་འཇིགས་ཉེན་བཟོས་ཡོད་པས། ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་དག་གིས་མཉམ་དུ་འབད་བརྩོན་བྱས་ནས། ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་གྱི་འཕེལ་རྒྱས་རེ་འདུན་མངོན་འགྱུར་བྱེད་དགོས་ཟེར།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཨ་ཧྥེ་རི་ཁ་གླིང་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་ལག་བསྟར་དྲུང་ཡིག་ཅཱ་ཐའེ་ཐི་ཡིས་སློབ་གསོའི་ཨ་ཧྥེ་རི་ཁ་གླིང་གི་འཕེལ་རྒྱས་ཐད་ཀྱི་གལ་ཆེན་རང་བཞིན་ནན་བཤད་བྱས་པ་དང་། ཁོས་ལས་རིགས་སློབ་གསོ་དང་གསོ་སྦྱོང་ལ་ཤུགས་སྣོན་བྱས་ཏེ། སློབ་གསོའི་ཁོངས་གཏོགས་ཀྱི་གཞི་གྲངས་ཅན་གྱི་འཕར་བསྒྱུར་ལ་ཤུགས་སྣོན་དགོས་པའི་འབོད་སྐུལ་བཏང་།


བསོད་ནམས་ཚེ་རིང་གིས་བསྒྱུར།