​ཧྥེ་གླིང་མནའ་འབྲེལ་གྱི་རྩེ་ཚོགས་སྐབས་སོ་བདུན་པས་ས་ཁུལ་གྱི་བདེ་འཇགས་དང་འཕེལ་རྒྱས་དམིགས་སུ་བཟུང་ཡོད།
2024.02.18 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 36


འདི་ནི་ཟླ2པའི་ཚེས17ཉིན་ཨེ་ཙེ་ཨོ་ཕི་ཡའི་རྒྱལ་ས་ཡ་ཏིས་སི་ཡ་པེ་པ་ནས་བླངས་པའི་ཧྥེ་གླིང་མནའ་འབྲེལ་རྩེ་ཚོགས་ཀྱི་ཡུལ་དངོས་རེད། ཧྥེ་གླིང་མནའ་འབྲེལ་རྩེ་ཚོགས་སྐབས་སོ་བདུན་པའི་གཙོ་འཛིན་གྲོས་ཚོགས་དེ་ཚེས17ཉིན་ཨེ་ཙེ་ཨོ་ཕི་ཡའི་རྒྱལ་ས་ཡ་ཏིས་སི་ཡ་པེས་པའི་ཧྥེ་གླིང་མནའ་འབྲེལ་སྤྱི་ཁྱབ་པུའུ་རུ་ཚོགས་མགོ་བརྩམས་པ་དང་། ས་ཁུལ་གྱི་བདེ་འཇགས་གནས་བབ་དང་། ཧྥེ་གླིང་སྐམ་སའི་འཕེལ་རྒྱས། ཧྥེ་གླིང་མནའ་འབྲེལ་གྱི་བཅོས་སྒྱུར། ཧྥེ་གླིང་གི་ཤུགས་རྐྱེན་ཇེ་ཟབ་ཏུ་གཏོང་བ་སོགས་ནི་ཐེངས་འདིའི་རྩེ་ཚོགས་ཀྱི་བརྗོད་སྙིང་གཙོ་བོ་རེད།

ཧྥེ་གླིང་མནའ་འབྲེལ་སྐབས་སོ་བདུན་པའི་གཙོ་འཛིན་གྲོས་ཚོགས་ཚེས་བཅུ་བདུན་ཉིན་ཨེ་ཙེ་ཨོ་ཕི་ཡའི་རྒྱལ་ས་ཡ་ཏིས་སི་ཡ་པེ་པའི་ཧྥེ་གླིང་མནའ་འབྲེལ་སྤྱི་ཁྱབ་པུའུ་རུ་ཚོགས་མགོ་བརྩམས་པ་དང་། ས་ཁུལ་གྱི་བདེ་འཇགས་གནས་བབ་དང་། ཧྥེ་གླིང་སྐམ་སའི་འཕེལ་རྒྱས། ཧྥེ་གླིང་མནའ་འབྲེལ་གྱི་བཅོས་སྒྱུར། ཧྥེ་གླིང་གི་ཤུགས་རྐྱེན་ཇེ་ཟབ་ཏུ་གཏོང་བ་སོགས་ནི་ཐེངས་འདིའི་རྩེ་ཚོགས་ཀྱི་བརྗོད་སྙིང་གཙོ་བོ་རེད།

ཧྥེ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཧྥ་ཅིས་ཡིས་མགོ་རྩོམ་མཛད་སྒོའི་སྟེང་ཧྥེ་གླིང་གཞི་གཅིག་ཅན་དང་། ཧྥེ་གླིང་སྐམ་སའི་རང་མོས་ཉོ་་ཚོང་ས་ཁུལ་དང་ལས་ཁུངས་བཅོས་སྒྱུར་ཐད་ནས་གྲུབ་འབྲས་བླངས་པར་ཁས་ལེན་གང་ལེན་བྱས་ཤིང་། སྔར་ལས་ལྷག་པའི་དཔལ་འབྱོར་སླར་གསོའི་བྱེད་ཐབས་བསྡུ་ལེན་བྱེད་དགོས་པའི་འབོད་སྐུལ་བཏང་། ཁོས་བཤད་རྒྱུར། ཧྥེ་གླིང་སྔར་བཞིན་བདེ་འཇགས་གནས་བབ་བརྟན་པོ་མིན་པ་དང་། ནམ་ཟླའི་འགྱུར་ལྡོག  དཔལ་འབྱོར་བཅོས་སྐྱོང་གི་ཞན་ཆ། དབུལ་ཕོངས་དང་སྤྱི་ཚོགས་འདྲ་མཉམ་མིན་པ་སོགས་ཀྱི་འགྲན་རྩོད་ཆེན་པོ་དང་འཕྲད་ཡོད་པ་བཤད་པ་མ་ཟད། དུས་མཉམ་དུ་ཧྥེ་གླིང་རྒྱལ་ཁབ་ཀྱིས་ནམ་ཟླ་དང་། གོ་ལ་ཧྲིལ་བོའི་བཅོས་སྐྱོང་བཅོས་སྒྱུར། ཧྥེ་གླིང་ཞི་བདེ་སྲུང་སྐྱོབ་ཆེད་མངགས་ཚོགས་པའི་གྲོན་དངུལ་བསྡུ་རུབ་སོགས་ཀྱི་གནད་དོན་སྟེང་ནས་སྔར་ལས་མང་བའི་ཐུན་མོང་འདུ་ཤེས་བྱུང་ཡོད་པ་གསལ་བོར་བསྟན།

ཟླ2ཚེས17ཉིན། ཨེ་ཙེ་ཨོ་ཕི་ཡའི་རྒྱལ་ས་ཡ་ཏིས་སི་ཡ་པེ་པ་རུ། ཧྥེ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཧྥ་ཅིས་ཡིས་མགོ་རྩོམ་མཛད་སྒོའི་སྟེང་གཏམ་བཤད།

ཧྥེ་གླིང་མནའ་འབྲེལ་གྱི་རེས་སྐོར་ཀྲུའུ་ཞི། ཁི་མོ་ལོའི་ཙུང་ཐུང་ཨ་ཀྲ་ལི་ཨ་སུའུ་མ་ཉིས་ཡིས་མགོ་རྩོམ་མཛད་སྒོའི་སྟེང་བཤད་རྒྱུར། 2023ལོ་དེ་ཧྥེ་གླིང་ལ་མཚོན་ནས་བཤད་ན་ཐག་གཅོད་རང་བཞིན་གྱི་ལོ་གཅིག་ཡིན་ལ། ཧྥེ་གླིང་གི་སྐད་སྒྲ་དེ་རྒྱལ་སྤྱིའི་གར་སྟེགས་སྟེང་སྔར་ལས་གསལ་བར་བྱས་ཡོད། ཁོས་ནན་གྱིས་བཤད་རྒྱུར། རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ལ་ཞུགས་པ་ནི་ཧྥེ་གླིང་གིས་འཕེལ་རྒྱས་དམིགས་འབེན་མངོན་འགྱུར་བྱེད་པའི་འཕེལ་རིམ་ཆེན་པོ་ཞིག་ཡིན་ལ། ཧྥེ་གླིང་མནའ་འབྲེལ་དེ་གོ་ལ་ཧྲིལ་བོའི་དཔལ་འབྱོར་བཅོས་སྐྱོང་གི་ཟབ་ཞུགས་མཁན་དུ་གྱུར་པས། ཧྥེ་གླིང་ལ་འོད་སྟོང་འབར་བའི་མདུན་ལྗོངས་བསྐྲུན་ཡོད་ཟེར།

ཟླ2ཚེས17ཉིན། ཨེ་ཙེ་ཨོ་ཕི་ཡའི་རྒྱལ་ས་ཡ་ཏིས་སི་ཡ་པེ་པ་རུ། ཧྥེ་གླིང་མནའ་འབྲེལ་གྱི་རེས་སྐོར་ཀྲུའུ་ཞི། ཁི་མོ་ལོའི་ཙུང་ཐུང་ཨ་ཀྲ་ལི་ཨ་སུའུ་མ་ཉིས་ཡིས་མགོ་རྩོམ་མཛད་སྒོའི་སྟེང་གཏམ་བཤད།

ཨེ་ཙེ་ཨོ་ཕི་ཡའི་ཙུང་ལི་ཨ་པིས་ཨེ་ཧ་མེ་ཏི་ཨ་ལི་ཡིས་མགོ་རྩོམ་མཛད་སྒོའི་སྟེང་བཤད་རྒྱུར། ཧྥེ་གླིང་ལ་ཟིལ་ཤུགས་རྒྱས་ན་འཛམ་གླིང་ལ་ཕན་ཐོགས་ཆེན་པོ་ཡོད། ཧྥེ་གླིང་སྐམ་སར་རྨང་གཞིའི་སྒྲིག་ཆས་ལ་ཤུགས་སྣོན་བྱེད་པ་དང་། འབྲུ་རིགས་བདེ་འཇགས་ལ་ཁག་ཐེག་ཡོད་པ།  ལས་ཞུགས་ལས་གནས་གསར་གཏོད་བྱེད་པ་སོགས་མཁོ་གལ་ཆེ། ཁོས་འཛམ་གླིང་གི་དངུལ་རྩ་ལས་ཁུངས་གཙོ་བོས་ཧྥེ་གླིང་འཕེལ་རྒྱས་ལ་གོ་སྐབས་འདོན་སྤྲོད་བྱེད་རྒྱུའི་འབོད་སྐུལ་བཏང་།

ཟླ2ཚེས17ཉིན། ཨེ་ཙེ་ཨོ་ཕི་ཡའི་རྒྱལ་ས་ཡ་ཏིས་སི་ཡ་པེ་པ་རུ། ཨེ་ཙེ་ཨོ་ཕི་ཡའི་ཙུང་ལི་ཨ་པིས་ཨེ་ཧ་མེ་ཏི་ཨ་ལི་ཡིས་མགོ་རྩོམ་མཛད་སྒོའི་སྟེང་གཏམ་བཤད།

རྩེ་ཚོགས་ཉིན་གཉིས་ལ་ཚོགས་རྒྱུ་ཡིན་པ་དང་། དུས་རབས་ཉེར་གཅིག་པར་འཚམ་པའི་ཧྥེ་གླིང་གི་མི་གསོ་སྐྱོང་བྱེད་དགོས་ཏེ། ཧྥེ་གླིང་དུ་སློབ་གསོའི་མ་ལག་ཆ་ཚང་བཙུགས་ནས་མི་སྔར་ལས་མང་པོར་བཟོད་སྒོམ་དང་། ཡུན་རིང་། སྤུས་ལེགས། དོན་དངོས་དང་མཐུན་པའི་སློབ་སྦྱོང་གི་གོ་སྐབས་ཐོབ་དུ་འཇུག་དགོས་ཞེས་པ་བརྗོད་བྱར་བཟུང་ཡོད།

རིག་འཛིན་སྒྲོལ་མས་བསྒྱུར།