ཨ་མེ་རི་ཁའི་ཉིག་ཡོག་གྲོང་ཁྱེར་གྱི་མན་ཧ་ཏུང་གི་ཁྲིམས་ཁང་ཞིག་གི་ཁྲིམས་དཔོན་གྱིས་ཚེས16ཉིན་ཨ་རིའི་ཙུང་ཐུང་ཟུར་པ་ཐི་ལིང་ཕུའུ་ལ་ནོར་དོན་མགོ་སྐོར་དང་འབྲེལ་བའི་དམངས་དོན་གྱོད་གཞིའི་སྐོར་གྱི་ཆད་པ་བཅད་པ་རེད། ཐི་ལིང་ཕུའུ་ལ་ནོར་དོན་མགོ་སྐོར་གྱི་ཉེས་པ་ཡོད་པར་གཏན་ཁེལ་བྱས་ཏེ་ཨ་སྒོར་དུང་ཕྱུར་གསུམ་དང་བྱེ་བ་ལྔ་ས་ཡ་ལྔའི་དངུལ་ཆད་དང་དེ་བཞིན་ཉེས་ཆད་གཞན་དག་བཅད་ཡོད།
ཞིབ་དཔྱོད་ཕྱོགས་ཀྱིས་ཐི་ལིང་ཕུའུ་དང་གྱོད་ཡ་གཞན་དག་གིས2011ལོ་ནས2021ལོའི་བར་དུ་ནོར་དོན་རྫུན་བཟོ་བྱས་པ་དང་འབྲེལ་ཡོད་ནོར་དོན་གཞི་གྲངས་ལ་ཧེ་བག་ཧ་ཅང་ཆེན་པོ་ཡོད་པའི་ཉེས་པ་བགྲངས་ཡོད།
ཁྲིམས་ཆད་བཅད་པ་ཁྱབ་བསྒྲགས་བྱས་རྗེས་ཐི་ལིང་ཕུའུ་ཕྱོགས་གོང་རིམ་ལ་ཡང་བསྐྱར་ཞུ་གཏུག་བྱ་རྒྱུ་ཡིན་ཞེས་བཤད་ཟེར།