ཨུ་རུ་སིའི་རྒྱལ་སྲུང་པུའུ་ཀྲང་ཧྲའོ་དབྱི་ཀུའུ་ཡིས་ཚེས17ཉིན་ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་ལ་ཨུ་རུ་སིའི་དམག་དཔུང་གིས་ཝུའུ་ཁི་ལན་དམག་དཔུང་གི་འགོག་སྲུང་ལྟེ་གནས་གལ་ཆེན་ཨ་ཧྥུའུ་ཅེ་ཡེ་ཧྥུའུ་ཁ་གྲོང་ཁྱེར་རྦད་དེ་ཚོད་འཛིན་བྱས་ཡོད་ཅེས་སྙན་ཞུ་བྱས་པ་རེད།
ཨུ་རུ་སིའི་རྒྱལ་སྲུང་པུའུ་ཡིས་ཉིན་དེའི་དགོང་མོར་སྤྱི་ཚོགས་འབྲེལ་བའི་སྨྱན་སྦྱོར་ཐོག་རྩོམ་ཡིག་སྤེལ་ནས་བཤད་རྒྱུར། ཧྲའོ་དབྱི་ཀུའུ་ཡིས་ཉིན་དེར་ཨུ་རུ་སིའི་དྲག་ཆས་སྟོབས་ཤུགས་ཀྱི་ཆེས་མཐོའི་སྤྱི་ཁྱབ་བཀོད་འདོམས་པར་ཨུ་རུ་སིའི་དམག་དཔུང་གིས་ཨ་ཧྥུའུ་ཅེ་ཡེ་ཧྥུའུ་ཁ་གྲོང་ཁྱེར་རྦད་དེ་ཚོད་འཛིན་བྱས་ཡོད་པ་དང་། གྲོང་ཁྱེར་དེ་ནི་ཝུའུ་ཁི་ལན་གྱི་དྲག་ཆས་དཔུང་སྡེའི་འགོག་སྲུང་ལྟེ་གནས་གལ་ཆེན་ཞིག་རེད། མིག་སྔར་ཨུ་རུ་སིའི་དམག་དཔུང་གིས་བྱེད་ཐབས་སྤྱད་དེ་མུ་མཐུད་དུ་གྲོང་ཁྱེར་ནང་གི་ཝུའུ་ཁི་ལན་དམག་དཔུང་གི་མི་སྣ་རྩ་མེད་དུ་གཏོང་བཞིན་ཡོད་པར་མ་ཟད། ཨ་ཧྥུའུ་ཅེ་ཡེ་ཧྥུའུ་ཁའི་སྲེག་སྒྱུར་བཟོ་གྲྭའི་ཁྲོད་ལུས་པའི་ཝུའུ་ཁི་ལན་དམག་དཔུང་གི་མཐའ་བསྐོར་ཡོད་ཟེར།
གཞན་ཡང་ཐ་སི་གསར་འགྱུར་ཁང་གིས་ཚེས17ཉིན་གྱི་དགོང་མོར་གནས་ཚུལ་སྤེལ་བ་ལྟར་ན། ཨུ་རུ་སིའི་ཙུང་ཐུང་གི་གསར་འགྱུར་དྲུང་ཡིག་ཕེ་སི་ཁི་ཧྥུའུ་ཡིས་བསྟན་དོན། ཕུའུ་ཅིན་གྱིས་ཧྲའོ་དབྱི་ཀུའུ་ཡིས་ཕུལ་བའི་ཨ་ཧྥུའུ་ཅེ་ཡེ་ཧྥུའུ་ཁ་འཕྲོག་ལེན་བྱས་པའི་སྐོར་གྱི་སྙན་ཞུར་གསན་པར་མ་ཟད་ཨུ་རུ་སིའི་དམག་དཔུང་གི་དཔོན་དམག་ཚོར་རྟེན་འབྲེལ་ཞུས་པ་རེད་ཟེར།
ས་གནས་དེ་གའི་དུས་ཚོད་ཚེས17ཉིན་གྱི་ཐོ་རེངས་དུས་སུ་ཝུའུ་ཁི་ལན་གྱི་དྲག་ཆས་དཔུང་སྡེའི་སྤྱི་ཁྱབ་དམག་སྤྱི་སེ་ཨར་སི་ཅི་ཡིས་སྤྱི་ཚོགས་འབྲེལ་བའི་སྨྱན་སྦྱོར་ཐོག་དེང་སྐབས་ཀྱི་དམག་འཐབ་གནས་ཚུལ་འོག་ཨུ་རུ་སིའི་དམག་དཔུང་གིས་ཝུའུ་ཁི་ལན་གྱི་དམག་དཔུང་གི་མཐའ་ནས་བསྐོར་བར་བཀག་འགོག་བྱེད་པ་དང་ཝུའུ་ཁི་ལན་དཔོན་དམག་གི་ཚེ་སྲོག་དང་བདེ་ཐང་ལ་སྲུང་སྐྱོབ་བྱ་ཆེད་ཁོས་ཝུའུ་ཁི་ལན་གྱི་དམག་ཝུའུ་ཁི་ལན་ཤར་རྒྱུད་ཀྱི་ཨ་ཧྥུའུ་ཅེ་ཡེ་ཧྥུའུ་ཁ་ནས་འགོག་སྲུང་སྔར་ལས་བཟང་བའི་གནས་སུ་སྤར་ཏེ་འགོག་སྲུང་དམག་འཐབ་བྱ་རྒྱུའི་གཏན་འཁེལ་བྱས་ཡོད་ཟེར།
ཤ་བོ་གསེར་མཚོས་བསྒྱུར།