ཕ་ལེ་སི་ཐན་བརྙན་འཕྲིན་ཁང་གིས་ཚེས17ཉིན་བསྒྲགས་པ་ལྟར་ན། དབྱི་སི་རལ་གྱི་དམག་དཔུང་གིས་ཉིན་དེར་ཅ་ཧྲའི་དབུས་ཁུལ་གྱི་ས་ཆ་མང་བོར་གཅིག་སྡུས་འགས་གཏོར་བཏང་སྟེ། མིག་སྔར་ཉུང་མཐར་ཡང་མི་བཞི་བཅུ་རྐྱེན་ལམ་དུ་བཏང་བ་དང་། མི་བཅུ་ཕྲག་འགའ་རྨས་ཡོད་ཟེར།
ཅ་ཧྲ་ས་ཁུལ་གྱི་གནས་ཚུལ་ཤེས་མཁན་གྱིས་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར་བཤད་རྒྱུར། དབྱི་སི་རལ་གྱིས་འགས་གཏོར་བཏང་བའི་ཁོངས་སུ་ནུའུ་སེ་ལའེ་ཐི་ཡུལ་གྱར་པའི་སྒར་ས་དང་། ཏའེ་ཨར་པའེ་ལ་ཧི་དང་ཀྲ་ཝ་དབྱི་ཏ་ས་ཆ་སོགས་འདུ་ཟེར། མིག་སྔར་ད་དུང་མི་མང་བོ་ཞིག་རོའི་འོག་ཏུ་མནན་ཡོད་ལ། ཤི་རྨས་ཀྱི་ཁ་གྲངས་སྔར་ལས་ཇེ་མང་དུ་འགྲོ་སྲིད།
ཕ་ལེ་སི་ཐན་ཅ་ཧྲ་ས་ཁུལ་གྱི་འཕྲོད་བསྟེན་སྡེ་ཁག་གིས་ཚེས17ཉིན་ཁྱབ་བསྒྲགས་བྱས་པའི་གཞི་གྲངས་ལྟར་ན། དབྱི་སི་རལ་གྱི་དམག་དཔུང་གིས་འདས་པའི་དུས་ཚོད་ཉེར་བཞིའི་རིང་ཅ་ཧྲ་ས་ཁུལ་དུ་འཇབ་རྒོལ་བྱས་པ་ལས་མི་གྱ་གསུམ་རྐྱེན་ལམ་དུ་ཤོར་བ་དང་མི་བརྒྱ་དང་ཉེར་ལྔར་རྨས་ཕོག་ཡོད།
ན་ནིང་གི་ཟླ10པའི་ཚེས7ཉིན་ནས་ཕ་ལེ་སི་ཐན་དང་དབྱི་སི་རལ་བར་གསར་དུ་འཁྲུག་རྩོད་བྱུང་བའི་ཚུན་ལ། དབྱི་སི་རལ་གྱི་དམག་དཔུང་གིས་ཅ་ཧྲ་ས་ཁུལ་དུ་དམག་དོན་འགུལ་སྐྱོད་སྤེལ་བ་ལས་མི་ཁྲི་གཉིས་དང་སྟོང་བརྒྱད་བརྒྱད་བརྒྱ་ལྷག་རྐྱེན་ལམ་དུ་ཤོར་བ་དང་མི་ཁྲི་དྲུག་དང་སྟོང་བརྒྱད་ལྷག་ལ་རྨས་ཕོག
རིག་འཛིན་སྒྲོལ་མས་བསྒྱུར།