ཨ་ཧྥུའུ་ཧན་གྱི་དཔོན་རིགས་ཀྱིས་ཚེས19ཉིན་བཤད་རྒྱུར། ཨ་ཧྥུའུ་ཧན་ཤར་རྒྱུད་ཀྱི་ནུའུ་ལིས་སི་ཐན་ཞིང་ཆེན་གྱི་རི་ཁུལ་དུ་ཚེས18ཉིན་གྱི་མཚན་མོར་རི་ཉིལ་བ་དང་། མིག་སྔར་ཉུང་མཐར་ཡང་མི་ཉེར་ལྔ་རྐྱེན་ལམ་དུ་ཤོར་ཡོད་ཟེར།
ནུའུ་ལིས་སི་ཐན་ཞིང་ཆེན་ནུའོ་ཅ་ལ་མུའུ་ས་ཁུལ་སྲིད་གཞུང་གི་འགན་ཁུར་པ་ཁ་ལེ·ཧ་པུས་པུའུ་ལ་·ས་པེ་ཨར་གྱིས་ཚེས19ཉིན་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་ཁ་པར་གྱི་བཅར་འདྲི་དང་ལེན་བྱེད་སྐབས་ས་ཁུལ་དེའི་རི་ཁུལ་དུ་ཚེས18ཉིན་གྱི་མཚན་མོར་དྲག་ཆར་བབས་ཏེ་རི་ཉིལ་ནས་མི་ཉེར་ལྔ་རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་མི་བཅུ་ལ་རྨས་ཕོག་ཡོད་པར་མ་ཟད། ཁང་བ་ཉི་ཤུ་ལ་གནོད་སྐྱོན་ཐེབས་ཡོད་ཟེར།
ས་པེ་ཨར་གྱིས་བཤད་རྒྱུར། མིག་སྔར་རོགས་སྐྱོབ་བྱ་བ་སྤེལ་བཞིན་པའི་སྒང་ཡིན་པ་དང་། ཤི་རྨས་བྱུང་བའི་མི་གྲངས་ད་དུང་ཇེ་མང་དུ་འགྲོ་སྲིད་ཟེར།
ཚེས18ཉིན་ནས་བཟུང་རྒྱལ་ས་ཁཱ་པུའུ་ཨར་དང་བཅས་པའི་ཨ་ཧྥུའུ་ཧན་གྱི་ས་ཁུལ་མང་ཆེ་བར་བསྟུད་མར་ཆར་བ་ཆེན་པོ་བབས་པ་དང་མཚམས་མཚམས་སུ་ཁ་བ་ཡང་བབས་ཡོད།
ཤ་བོ་གསེར་མཚོས་བསྒྱུར།