ལེ་པ་ནུན་གྱི་རྒྱལ་ཁབ་གསར་འགྱུར་ཁང་གིས་བསྒྲགས་པའི་གནས་ཚུལ་ལྟར་ན། དབྱི་སི་རལ་གྱིས་ཚེས19ཉིན་ལེ་པ་ནུན་གྱི་ལྷོ་རྒྱུད་མཚོ་རྒྱུད་གྲོང་ཁྱེར་ཞི་ཏུན་ཉེ་འགྲམ་གྱི་ཅ་ཅི་ཡེ་གྲོང་རྡལ་ལ་འཇབ་རྒོལ་ཐེངས་གཉིས་བྱས་ནས་མི14རྨས་ཕོག
བསྒྲགས་པའི་གནས་ཚུལ་ལྟར་ན། འཇབ་རྒོལ་ཐེངས་གཉིས་བྱེད་པའི་དམིགས་འབེན་ནི་ས་གནས་དེ་གའི་མཛོད་ཁང་ཞིག་དང་བཟོ་གྲྭ་ཞིག་ཡིན་པ་དང་། རྨས་མ་མང་ཆེ་བ་ནི་སི་རི་ཡ་དང་ཕ་ལེ་སི་ཐན་གྱི་ལས་བཟོ་པ་རེད།
ཅ་ཅི་ཡེ་གྲོང་རྡལ་སྲིད་གཞུང་གིས་གསལ་བསྒྲགས་ཤིག་སྤེལ་བའི་ནང་དབྱི་སི་རལ་ཕྱོགས་ཀྱིས་སླར་ཡང་འཇབ་རྒོལ་བྱེད་སྲིད་པས་སྡོད་དམངས་རྣམས་ཀྱིས་དོགས་ཟོན་བྱེད་དགོས་ཞེས་བཤད་ཡོད།
ལེ་པ་ནུན་གསར་འགྱུར་ཁང་གིས་ཡར་སྔོན་སྤེལ་བའི་གནས་ཚུལ་ལྟར་ན། ལེ་པ་ནུན་གྱི་ཀྲིན་ཀྲུའུ་ཏང་གིས་ཚེས19ཉིན་གསལ་བསྒྲགས་སྤེལ་ནས་ཉིན་དེའི་ཕྱི་དྲོར་དབྱི་སི་རལ་གྱིས་ཚོད་འཛིན་བྱས་པའི་ལི་ཧྲ་མཚེའུ་དང་ས་པ་ཨ་ཞིང་རའི་ས་ཆ་གཉིས་ལ་འཇབ་རྒོལ་བྱས་ཡོད་ཟེར།
ཤ་བོ་གསེར་མཚོས་བསྒྱུར།