ལེ་པ་ནུན་གྱི་ཐོག་ཁང་ཞིག་བརྡིབས་ནས་མི4རྐྱེན་ལམ་དུ་ཤོར།
2024.02.20 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 12

ལེ་པ་ནུན་གྱི་རྒྱལ་ཁབ་གསར་འགྱུར་ཁང་གིས་བསྒྲགས་པའི་གནས་ཚུལ་ལྟར་ན། ལེ་པ་ནུན་གྱི་རྒྱལ་ས་པེ་ལུའུ་ཐི་ལྷོ་རྒྱུད་ཀྱི་ཐོག་བརྩེགས་བཞི་ཅན་གྱི་ཁང་བ་ཞིག་ཚེས19ཉིན་གྱི་དགོང་མོར་བརྡིབས་ནས་མི4རྐྱེན་ལམ་དུ་ཤོར་ཟེར།

བསྒྲགས་པའི་གནས་ཚུལ་ལྟར་ན། རྐྱེན་ལམ་དུ་ཤོར་བའི་མི་བཞི་ནི་སོ་སོར་བུད་མེད2དང་། ལོ་ལོན1། བྱིས་པ1བཅས་རེད། རོགས་སྐྱོབ་མི་སྣས་མི5བསྐྱབས་ཡོད་པ་དང་མིག་སྔར་སྔར་བཞིན་མི་སྣ་འཚོལ་སྐྱོབ་བྱེད་བཞིན་ཡོད་ལ། མི17སྔར་བཞིན་ཞིག་རོའི་འོག་ཏུ་བཅུག་ཡོད་ཟེར། 

ཉེ་བའི་ལོ་ཤས་རིང་ལེ་པ་ནུན་གྱི་ས་གནས་ཁག་ཏུ་ཁང་བ་བརྡིབས་པའི་གནས་ཚུལ་ཐེངས་མང་བྱུང་མྱོང་། མང་ཚོགས་ཀྱིས་འབྲེལ་ཡོད་སྡེ་ཁག་ལ་ཉེན་ཁ་ཆེ་བའི་ཁང་བ་གཏན་འཁེལ་བྱེད་རྒྱུ་མ་ཟད། དེའི་ནང་གི་སྡོད་དམངས་གནས་སྤོར་རོགས་བྱེད་དགོས་པའི་འབོད་སྐུལ་ཡང་ཡང་བཏང་ཡང་འབྲེལ་ཡོད་ལམ་སྲོལ་ད་དུང་བཙུགས་མེད།

ཤ་བོ་གསེར་མཚོས་བསྒྱུར།