མོ་ཞི་ཁོ་ཡི་ཙུང་ཐུང་ལུའོ་ཕེ་སི་ཡིས་ཚེས21ཉིན་བཤད་རྒྱུར། མོ་ཞི་ཁོ་ཡི་ཉེས་སྤྱོད་ཚོགས་པ་ཆེན་པོ་གཉིས་བར་ཉིན་འགའི་སྔོན་ལྷོ་རྒྱུད་ཀྱི་ཀི་ལེ་ལུའོ་མངའ་སྡེ་རུ་དྲག་ཤུགས་འཁྲུག་རྩོད་བྱུང་ནས་མི12རྐྱེན་ལམ་དུ་ཤོར་ཟེར།
ལུའོ་ཕེ་སི་ཡིས་ཉིན་དེའི་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུའི་སྟེང་ཉེས་སྤྱོད་ཚོགས་པ་ཆེ་གྲས“སྨི་ཆུའེ་ཁིན་ཁྱིམ་རྒྱུད”དང“ལུའོ་སི་ཐི་ལཱ་ཁི་སི”གཉིས་བར་ཚེས20ཉིན་ཀི་ལེ་ལུའོ་མངའ་སྡེའི་ཁཱ་ལན་ཐི་རི་ཁུལ་དུ་དྲག་ཤུགས་འཁྲུག་རྩོད་བྱུང་ནས་མི12རྐྱེན་ལམ་དུ་ཤོར། རྒྱལ་དམངས་ཉེན་སྲུང་རུ་ཁག་འཁྲུག་རྩོད་བྱུང་སར་འབྱོར་ནས་ཡུལ་དངོས་སུ་བརྟག་དཔྱད་བྱེད་བཞིན་ཡོད་ཟེར།
མོ་ཞི་ཁོ་ཡི་སྨྱན་སྦྱོར་གྱིས་བསྒྲགས་པའི་གནས་ཚུལ་ལྟར་ན། ཐེངས་འདིའི་འཁྲུག་རྩོད་ལས་ཉེས་མེད་མི་སེར་ལ་གནོད་འཚེ་ཕོག་མེད། ཕྱོགས་གཉིས་ཀྱིས་ཡར་སྔོན་ཀི་ལེ་ལུའོ་མངའ་སྡེ་རུ་འཁྲུག་རྩོད་ཐེངས་མང་བྱས་མྱོང་།
ཀི་ལེ་ལའོ་མངའ་སྡེ་ནི་མོ་ཞི་ཁོ་ཡི་ཉེས་སྤྱོད་འབྱུང་ཚད་ཆེས་མཐོ་བའི་མངའ་སྡེའི་གྲས་ཤིག་ཡིན་ལ། དུག་འཚོང་རྩ་འཛུགས་མང་བོ་ས་དེ་རུ་གནས་ཡོད། ཉེ་བའི་ལོ་ཤས་རིང་ས་གནས་དེ་གར་ཉེས་སྤྱོད་ཚོགས་པ་དང་དུག་རྫས་ཐོན་སྐྱེད། འདྲེན་འཚོང་སོགས་ཁྲིམས་འགལ་བྱ་སྤྱོད་དང་འབྲེལ་བ་ཡོད་པའི་འཁྲུག་རྩོད་ཐེངས་མང་བྱུང་ཡོད།
ཤ་བོ་གསེར་མཚོས་བསྒྱུར།