ཀྲུང་གོ་སྲིད་གཞུང་གི་ཁྲའོ་ཞན་ཕྱེད་གླིང་ལས་དོན་གྱི་དམིགས་བསལ་འཐུས་མི་ལིའུ་ཞའོ་མེན་དང་ཨ་མེ་རི་ཁ་དང་ཁྲའོ་ཞན་ལས་དོན་གྱི་མཐོ་རིམ་དཔོན་རིགས་ཕུའུ་ཀྲིན་ཞོན་གྱིས་བརྙན་འཕྲིན་ཁ་པར་བཏང་།
2024.02.23 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 16

ཀྲུང་གོ་སྲིད་གཞུང་གི་ཁྲའོ་ཞན་ཕྱེད་གླིང་ལས་དོན་གྱི་དམིགས་བསལ་འཐུས་མི་ལིའུ་ཞའོ་མེན་དང་ཨ་མེ་རི་ཁ་དང་ཁྲའོ་ཞན་ལས་དོན་གྱི་མཐོ་རིམ་དཔོན་རིགས་ཕུའུ་ཀྲིན་ཞོན་གྱིས་བརྙན་འཕྲིན་ཁ་པར་བཏང་།

2024ལོའི་ཟླ2ཚེས22ཉིན། ཀྲུང་གོ་སྲིད་གཞུང་གི་ཁྲའོ་ཞན་ཕྱེད་གླིང་ལས་དོན་གྱི་དམིགས་བསལ་འཐུས་མི་ལིའུ་ཞའོ་མེན་གྱིས་དུས་བཅད་ལྟར་ཨ་མེ་རི་ཁ་དང་ཁྲའོ་ཞན་ལས་དོན་གྱི་མཐོ་རིམ་དཔོན་རིགས་ཕུའུ་ཀྲིན་ཞོན་དང་བརྙན་ལམ་ནས་གླེང་མོལ་བྱས་ཏེ་ཁྲའོ་ཞན་ཕྱེད་གླིང་གི་དུས་བབ་ཐད་བསམ་འཆར་བརྗེ་རེས་བྱས།

ལིའུ་ཞའོ་མེན་གྱིས་ཕྱེད་གླིང་གནད་དོན་ཐད་ཀྱི་ཀྲུང་གོ་ཕྱོགས་ཀྱི་རྩ་དོན་དང་ལངས་ཕྱོགས་རྒྱས་བཤད་བྱས་ནས་བསྟན་དོན། ཕྱེད་གླིང་གི་ཞི་བདེ་བརྟན་ལྷིང་སྲུང་སྐྱོང་དང་ཕྱེད་གླིང་གི་གནད་དོན་ཆབ་སྲིད་ལ་བརྟེན་ནས་ཐག་གཅོད་བྱེད་པའི་འཕེལ་རིམ་ལ་སྐུལ་འདེད་གཏོང་རྒྱུ་དེ་ས་ཁུལ་རང་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཐུན་མོང་གི་ཁེ་ཕན་དང་མཐུན་པས། འབྲེལ་ཡོད་ཕྱོགས་སོ་སོས་ཕྱེད་གླིང་གི་གནད་དོན་ལ་ལྟ་སྟངས་ཡང་དག་འཛིན་པ་དང་། དོན་སྙིང་ལྡན་པའི་གྲོས་མོལ་བྱས་ཏེ་རང་སོ་སོའི་དོ་ཁུར་ཐག་གཅོད་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་ཕྱེད་གླིང་གི་གནད་དོན་ཆབ་སྲིད་ལ་བརྟེན་ནས་ཐག་གཅོད་བྱེད་པའི་འཕེལ་རིམ་ལ་སྐུལ་མ་གཏོང་ཆེད་དགེ་མཚན་ལྡན་པའི་ནུས་པ་མུ་མཐུད་དུ་འདོན་སྤེལ་བྱ་རྒྱུ་ཡིན་ཟེར།

ཕེའོ་ཀྲིན་ཞོན་གྱིས་བསྟན་དོན། ཨ་མེ་རི་ཁ་ཕྱོགས་ཀྱིས་ཕྱེད་གླིང་གནད་དོན་ཐད་ཀྱི་ཀྲུང་གོ་ཕྱོགས་ཀྱི་ནུས་པར་་མཐོང་ཆེན་བྱེད་ཀྱིན་ཡོད་ལ། ཀྲུང་གོ་ཕྱོགས་དང་འབྲེལ་གཏུག་མཉམ་ལས་བྱ་རྒྱུའི་རེ་བ་ཡོད་ཟེར། 

ཕྱོགས་གཉིས་ཀྱིས་ཕྱེད་གླིང་གི་གནད་དོན་ཐད་མུ་མཐུད་དུ་འབྲེལ་གཏུག་བྱ་རྒྱུའི་མོས་མཐུན་བྱུང་། 

ཤ་བོ་གསེར་མཚོས་བསྒྱུར།