ཨ་རིའི་དམག་གིས་ཡེ་མིན་ཧུའུ་སའེ་དྲག་ཆས་རྩ་འཛུགས་ཀྱི་སྐོར་གཡེང་འཕུར་མདེལ་བདུན་རྩ་གཏོར་བཏང་ཡོད་པར་བཤད།
2024.02.24 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 21

ཨ་མེ་རི་ཁའི་ཀྲུང་དབྱང་དམག་སྤྱི་ཁང་གིས་ཚེས23ཉིན་བཤད་རྒྱུར། དམག་སྤྱི་ཁང་དེའི་ཁོངས་སུ་གཏོགས་པའི་ཨ་རིའི་དམག་དཔུང་གིས་ཉིན་དེར་ཡེ་མིན་ཧུའུ་སའེ་དྲག་ཆས་རྩ་འཛུགས་ཀྱི་སྐོར་གཡེང་འཕུར་མདེལ་བདུན་རྩ་གཏོར་བཏང་ཡོད་ཟེར།

ཀྲུང་དབྱང་དམག་སྤྱི་ཁང་གིས་ཁོང་ཚོའི་སྤྱི་ཚོགས་འབྲེལ་བའི་སྨྱན་སྦྱོར་སྟེང་བསྒྲགས་པའི་གནས་ཚུལ་ལྟར་ན། འཕུར་མདེལ་དེ་དག་ཡེ་མིན་ས་ཁོངས་ནང་གི་ཧུའུ་སའེ་དྲག་ཆས་རྩ་འཛུགས་ཀྱི་ཚོད་འཛིན་ཁུལ་དུ་གནས་པར་མ་ཟད། མཚོ་དམར་གྱི་མཚོ་ཁོངས་སུ་གཏོང་འཕེན་བྱ་རྩིས་ཡོད། ཨ་རིའི་དམག་དཔུང་གིས་འཕུར་མདའ་དེ་དག་གིས་ས་ཁུལ་དེའི་ཚོང་གྲུ་དང་ཨ་རིའི་མཚོ་དམག་གི་གྲུ་གཟིངས་ལ“ཁ་ཚ་དགོས་གཏུག་གི་འཇིགས་སྐུལ”བཟོས་ཡོད་པར་ངོས་འཛིན་བྱེད་ཀྱིན་ཡོད། 

ན་ནིང་གི་ཟླ10པར་ཕ་ལེ་སི་ཐན་དང་དབྱི་སི་རལ་བར་འཁྲུག་རྩོད་བྱུང་རྗེས་ཡེ་མིན་ཧུའུ་སའེ་རྩ་འཛུགས་ཀྱིས་མི་མེད་གནམ་གྲུ་དང་འཕུར་མདེལ་སྤྱད་དེ་མཚོ་དམར་མཚོ་ཁོངས་ཀྱི་དམིགས་འབེན་ལ་འཇབ་རྒོལ་ཐེངས་མང་བྱས་པ་རེད། ད་ལོའི་ཟླ1ཚེས12ཉིན་ནས་བཟུང་ཨ་རི་དང་དབྱིན་ཇིས་ཧུའུ་སའེ་དྲག་ཆས་རྩ་འཛུགས་ཀྱི་དམིགས་འབེན་ལ་མཁའ་རྒོལ་ཐེངས་མང་བྱས་ཏེ་མི་སྣ་ཤི་རྨས་བཟོས་ཡོད། 

ཤ་བོ་གསེར་མཚོས་བསྒྱུར།