ཨ་རིའི་ཅ་ལེ་ཧྥོ་ཉི་ཡ་མངའ་སྡེ་རུ་རླངས་འཁོར་གཉིས་ཐོ་བརྒྱབ་ནས་མི8རྐྱེན་ལམ་དུ་ཤོར། 
2024.02.24 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 9

ཨ་རིའི་ཅ་ལེ་ཧྥུའུ་ཉི་ཡ་མངའ་སྡེའི་དབུས་རྒྱུད་མ་ཏི་ལ་རྫོང་དུ་ཚེས23ཉིན་རླངས་འཁོར་གཉིས་ཐོ་བརྒྱབ་པའི་དོན་རྐྱེན་བྱུང་ནས་མི8རྐྱེན་ལམ་དུ་ཤོར། 

ས་གནས་དེ་གའི་སྨྱན་སྦྱོར་གྱིས་སྤེལ་བའི་གནས་ཚུལ་ལྟར་ན། དོན་རྐྱེན་ནི་ས་གནས་དེ་གའི་སྔ་དྲོའི་ཆུ་ཚོད6དང་སྐར་མ30ཙམ་དུ་བྱུང་བ་རེད། ཉེན་རྟོག་ཕྱོགས་ཀྱིས་བརྟག་དཔྱད་རགས་ཙམ་བྱས་པ་ལྟར་ན། ལྗིད་ཐེག་རླངས་འཁོར་ཞིག་ལྡོག་ལམ་ནས་ཡོང་བས་རླངས་འཁོར་ཆུང་ངུ་ཞིག་དང་ཐོ་བརྒྱབ་པ་དང་། ལྗིད་ཐེག་རླངས་འཁོར་གྱི་ཁ་ལོ་བ་དང་རླངས་འཁོར་ཆུང་བའི་ནང་གི་མི་བདུན་དེ་མ་ཐག་རྐྱེན་ལམ་དུ་ཤོར་ཟེར།

བསྒྲགས་པའི་གནས་ཚུལ་ལྟར་ན། དོན་རྐྱེན་འབྱུང་སྐབས་རླངས་འཁོར་ཆུང་གྲས་སྟེང་ལས་ཀར་འགྲོ་བཞིན་པའི་ཞིང་ལས་བཟོ་པ་ཡོད་པ་དང་། མི་མང་བོས་སྐྱོབ་ཐག་བཅིངས་མེད། ཉིན་དེའི་དགོང་མོར་འདས་པོའི་ཁྲོད་ཀྱི་མི3གྱི་ཐོབ་ཐང་གཏན་འཁེལ་བྱས་པ་ཚང་མ་མོ་ཞི་ཁོ་ནས་རེད། 

ཤ་བོ་གསེར་མཚོས་བསྒྱུར།