སི་རི་ཡཱའི་དམག་ཕྱོགས་ཀྱིས་ཚེས་ཉེར་ལྔ་ཉིན་གསལ་སྒྲོག་སྤེལ་ཏེ། སི་རི་ཡཱའི་དམག་ཕྱོགས་ཀྱིས་ཉིན་དེར་འཇིགས་སྐུལ་རྩ་འཛུགས་ཀྱིས་གཏོང་འཕེན་བྱས་པའི་མི་བསྡད་མེད་པའི་གནམ་གྲུ་བདུན་སར་ཕངས་ཟེར།
གསལ་སྒྲོག་ལས་བཤད་རྒྱུར། སི་རི་ཡཱའི་དྲག་ཆས་སྟོབས་ཤུགས་ཀྱིས་ཉིན་དེར་དབུས་ཕྱོགས་ཀྱི་ཧཱ་མཱ་ཞིང་ཆེན་དང་ནུབ་བྱང་ཕྱོགས་ཀྱི་དབྱེ་ཏི་ལེ་པུའུ་ཞིང་ཆེན་གྱི་མཁའ་ཁོངས་ནས་འཇིགས་སྐུལ་རྩ་འཛུགས་ཀྱིས་གཏོང་འཕེན་བྱས་པའི་མི་བསྡད་མེད་པའི་གནམ་གྲུ་བདུན་སར་ཕངས་པ་དང་། མི་བསྡད་མེད་པའི་གནམ་གྲུ་དེ་དག་གིས་གོང་གི་ཞིང་ཆེན་དེ་གཉིས་ཀྱི་དམག་དོན་རྟེན་གཞི་དང་གྲོང་སྡེ་རེ་འགར་དཔུང་འཇུག་བྱེད་རྩིས་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།