ཧང་ག་རིའི་རྒྱལ་ཚོགས་ཀྱིས་ཚེས་ཉེར་དྲུག་ཉིན་འདེམ་ཤོག་བརྒྱ་དང་གྱ་བརྒྱད་ཡིད་འཐད་བྱུང་བ་དང་། འདེམ་ཤོག་དྲུག་གིས་ངོ་རྒོལ་བྱེད་པའི་མཇུག་འབྲས་ཀྱིས་སུའེ་ཏེན་བྱང་ཆིངས་རྩ་འཛུགས་སུ་ཞུགས་པའི་གྲོས་ཆོད་ཡི་གེའི་ཇུས་གཞིར་ཆོག་མཆན་བཀོད།
ཉིན་དེ་ནི་ཧང་ག་རིའི་རྒྱལ་ཚོགས་ཀྱི་དཔྱིད་ཀའི་གྲོས་ཚོགས་མགོ་རྩོམ་པའི་ཉིན་མོ་ཡིན་པ་དང་། ཉིན་དེའི་ཕྱི་དྲོར། ཧང་ག་རིའི་རྒྱལ་ཚོགས་ཀྱིས་སུའེ་ཏེན་བྱང་ཆིངས་རྩ་འཛུགས་སུ་ཞུགས་པའི་གྲོས་ཆོད་ཡི་གེའི་ཇུས་གཞིར་འདེམ་ཤོག་འཕངས་པ་དང་། བསྡོམས་པས་གྲོས་མི་བརྒྱ་དང་གོ་བཞི་འདེམ་ཤོག་འཕངས་ནས་བརྡས་གཅོད་བྱེད་པའི་བྱ་བར་ཞུགས། ཧང་ག་རིའི་ཙུང་ལི་ཨིག་ཨར་པན་གྱིས་གྲོས་ཚོགས་མགོ་རྩོམ་པའི་མཛད་སྒོའི་སྟེང་ཞུ་ཚིག་འབུལ་སྐབས་བཤད་རྒྱུར། སུའེ་ཏེན་དང་ཧང་ག་རིའི་དམག་དོན་མཉམ་ལས་དང་། སུའེ་ཏེན་བྱང་ཆིངས་རྩ་འཛུགས་སུ་ཞུགས་པ་ལས་ཧང་ག་རིའི་བདེ་འཇགས་ལ་ཤུགས་སྣོན་ཐོབ་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།