ཕཱ་ལེ་སི་ཐན་འཕྲིན་གཏོང་ཁང་གིས་ཚེས་ཉེར་དྲུག་ཉིན་བསྒྲགས་པ་ལྟར་ན། ཕཱ་ལེ་སི་ཐན་གྱི་ཙུང་ཐུང་ཨ་པཱ་སི་ཡིས་ཉིན་དེར་ཙུང་ལི་ཨ་ཧྲི་ཐིས་ཡེ་ཡིས་སྤྲད་པའི་སྲིད་གཞུང་གི་ལས་སྐྱུར་སྙན་ཞུ་དང་ལེན་བྱས།
བསྒྲགས་པ་ལྟར་ན། ཨ་པཱ་སི་ཡིས་ཨ་ཧྲི་ཐིས་ཡེའི་སྲིད་གཞུང་གིས་སྲིད་གཞུང་གསར་བ་འཛུགས་རག་བར་དུ་མུ་མཐུད་དུ་འགན་འཁྲི་ལག་བསྟར་བྱེད་དགོས་པའི་རེ་བ་བཏོན།
ཚེས་ཉེར་དྲུག་ཉིན་གྱི་སྔ་དྲོར། ཨ་ཧྲི་ཐིས་ཡེ་ཡིས་སྲིད་གཞུང་གི་བྱ་བའི་གྲོས་ཚོགས་སྟེང་ཕཱ་ལེ་སི་ཐན་གྱི་སྲིད་གཞུང་གིས་ལས་སྐྱུར་དགོངས་ཞུ་བྱེད་རྒྱུ་ཁྱབ་བསྒྲགས་བྱས། ཁོས་བཤད་རྒྱུར། སྲིད་གཞུང་གིས་ལས་སྐྱུར་དགོངས་ཞུ་བྱེད་པའི་ཆོད་དོན་དེ་ཅཱ་ཧྲ་ས་ཁུལ་གྱི་མི་དམངས་ལ་བཙན་འཛུལ་ཐེབས་པ་དང་། དེ་ལས་བྱུང་བའི་ཆབ་སྲིད་དང་བདེ་འཇགས། དཔལ་འབྱོར་བཅས་ཀྱི་གནད་དོན། དེ་མིན་ཡེ་ལུའུ་སཱ་ལེམ་དང་ཅོར་ཏན་གཙང་བོའི་ནུབ་འགྲམ་ས་ཁུལ་གྱི་གནས་བབ་ཛ་དྲག་ཏུ་གྱུར་བ་བཅས་ལ་འབྲེལ་བ་ཡོད་ཟེར།
ཨ་ཧྲི་ཐིས་ཡེ་ཡིས་མགོ་ཁྲིད་པའི་ཕཱ་ལེ་སི་ཐན་སྲིད་གཞུང་གིས་ཉིས་སྟོང་བཅུ་དགུ་ལོའི་ཟླ་བཞི་བར་དམ་བཅའ་བཞག་སྟེ་ལས་འགན་ཁུར་བ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།