འཛམ་གླིང་ཉོ་ཚོང་རྩ་འཛུགས་ཀྱི་སྐབས་བཅུ་གསུམ་པའི་པུའུ་ཀྲང་རིམ་པའི་གྲོས་ཚོགས་ཨ་པུའུ་ཀྲ་པུས་ནས་ཚོགས་མགོ་བརྩམས།
2024.02.27 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 25

འཛམ་གླིང་ཉོ་ཚོང་རྩ་འཛུགས་ཀྱི་སྐབས་བཅུ་གསུམ་པའི་པུའུ་ཀྲང་རིམ་པའི་གྲོས་ཚོགས་ཚེས་ཉེར་དྲུག་ཉིན་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་རྒྱལ་ས་ཨ་པུའུ་ཀྲ་པུས་ནས་ཚོགས་མགོ་བརྩམས། གྲོས་ཚོགས་དེ་ཚེས་ཉེར་དགུའི་ཉིན་བར་སྤེལ་རྒྱུ་རེད། རྒྱལ་ཁབ་མང་བོའི་དཔལ་འབྱོར་དང་ཉོ་ཚོང་། འཕེལ་རྒྱས་བཅས་ཀྱི་པུའུ་ཀྲང་། དེ་མིན་འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་དང་ཉོ་ཚོང་རྩ་འཛུགས་ཀྱི་འཐུས་མི་བཅས་གྲོས་ཚོགས་ལ་ཞུགས།

ཁི་མའོ་ལོ་ཡི་ཙུང་ཐུང་ཨ་ཀྲ་ལེ་དང་། ཏུང་ཏིས་ཝུན་གྱི་ཙུང་ཐུང་ཨོ་ཨར་ཐཱ། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་ཨ་པུའུ་ཀྲ་པུས་རྒྱལ་རྒྱུད་ཧཱ་ལི་ཏི། འཛམ་གླིང་ཉོ་ཚོང་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་འཛིན་པ་དབྱེ་ཝེ་ལཱ་སོགས་གྲོས་ཚོགས་ལ་ཞུགས། གྲོས་ཚོགས་དེར་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་ཕྱི་ཕྱོགས་ཉོ་ཚོང་རྒྱལ་དོན་གྱི་པུའུ་ཀྲང་། འཛམ་གླིང་ཉོ་ཚོང་རྩ་འཛུགས་སྐབས་བཅུ་གསུམ་པའི་པུའུ་ཀྲང་རིམ་པའི་གྲོས་ཚོགས་ཀྱི་ཀྲུའུ་ཞི་ཙེ་ཡུག་ཏིས་ཀྱིས་མགོ་འཛིན་བྱས།

ཙེ་ཡུག་ཏིས་ཀྱིས་ཞུ་ཚིག་འབུལ་སྐབས་བཤད་རྒྱུར། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱིས་རྒྱལ་སྤྱིའི་དཔལ་འབྱོར་གྲོས་གཞིའི་ཐད་ཀྱི་ཐུན་མོང་ལྟ་ཚུལ་ལ་རྒྱབ་སྐྱོར་བྱེད་པ་དང་། འཛམ་གླིང་ཡོངས་ཀྱི་ས་ཁུལ་སོ་སོ་གཅིག་ཏུ་སྦྲེལ་བའི་ཉོ་ཚོང་ལྟེ་གནས་ལྟ་བུར་གྱུར་ཡོད་ཟེར། ཁོས་ནན་གྱིས་བསྟན་དོན། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱིས་མུ་མཐུད་དུ་འཛམ་གླིང་ཉོ་ཚོང་རྩ་འཛུགས་ཀྱིས་ཕྱོགས་མང་ཉོ་ཚོང་སྒྲིག་ལུགས་ལ་ལྟ་རྟོག་བྱེད་པར་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ཞིང་། དེ་ནི་འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་རྒྱུན་མཐུད་འཕེལ་རྒྱུན་མཐུད་འཕར་སྣོན་འབྱུང་བར་སྐུལ་འདེད་གཏོང་བའི་སྒུལ་ཤུགས་ཡིན་པར་འདོད་ལ། འཛམ་གླིང་གི་ས་ཁུལ་སོ་སོའི་མང་ཚོགས་ཀྱི་འཚོ་བ་ལེགས་བཅོས་བྱེད་པར་ཕན་ཐོགས་ཡོད་ཟེར།

གྲོས་ཚོགས་མགོ་རྩོམ་པའི་མཛད་སྒོའི་སྟེང་། ཁི་མའོ་ལོ་དང་ཏུང་ཏིས་ཝུན་དངོས་སུ་འཛམ་གླིང་ཉོ་ཚོང་རྩ་འཛུགས་ནང་ཞུགས་པ་ལས་འཛམ་གླིང་ཉོ་ཚོང་རྩ་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་ཀྱི་སྤྱི་གྲངས་བརྒྱ་དང་རེ་དྲུག་ལ་འཕར་ཡོད།

པུའུ་ཀྲང་རིམ་པའི་གྲོས་ཚོགས་ནི་འཛམ་གླིང་ཉོ་ཚོང་རྩ་འཛུགས་ཀྱི་ཆེས་མཐོའི་ཐབས་ཇུས་ལས་ཁུརངས་ཡིན་ཞིང་། གྲོས་གཞི་གཙོ་བོའི་གྲོས་མོལ་ལ་གྲུབ་འབྲས་ཐོབ་པར་སྐུལ་འདེད་གཏོང་བའི་འགན་ཁུར་ཡོད་ལ། འཛམ་གླིང་ཉོ་ཚོང་རྩ་འཛུགས་ཀྱི་ཉིན་རྒྱུན་བྱ་བར་གྲོས་ཞིབ་བྱས་པར་མ་ཟད། ཕྱོགས་མང་ཉོ་ཚོང་སྒྲིག་ལུགས་ཀྱི་མ་འོངས་འཕེལ་རྒྱས་ཁ་ཕྱོགས་འཆར་འགོད་བྱས་ཡོད། འཛམ་གླིང་ཉོ་ཚོང་རྩ་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་དང་ལྟ་ཞིབ་པའི་ཉོ་ཚོང་པུའུ་ཀྲང་། འཐུས་མི་བཅས་གྲོས་ཚོགས་ལ་ཞུགས། ཐེངས་འདིའི་གྲོས་ཚོགས་སྐབས་སུ་བྱ་འགུལ་དང་གྲོས་ཚོགས་སྣ་ཚོགས་ལ་ཞུགས་རྒྱུ་ཡིན་པ་དང་། དེའི་དམིགས་ཡུལ་ནི་ཉོ་ཚོང་སྲིད་ཇུས་དང་འཆར་གཞིའི་ཕན་ནུས་རང་བཞིན་མཐོར་འདེགས་གཏོང་བའི་ཆེད་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།