ཡོ་རོབ་གླིང་མནའ་འབྲེལ་གྱི་རྒྱལ་ཁབ་མང་བོའི་ཞིང་བས་པུའུ་ལུའུ་སེར་ནས་ངོ་རྒོལ་བྱ་འགུལ་སྤེལ།
2024.02.28 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 14

ཡོ་རོབ་གླིང་མནའ་འབྲེལ་གྱི་ཞིང་ལས་སྲིད་ཇུས་ལ་མ་དགའ་བའི་དབང་གིས་ཚེས་ཉེར་དྲུག་ཉིན་གྱི་ཚུན་ལ། པུ་ལི་ཧྲི་དང་ཡོ་རོབ་གླིང་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་གཞན་པའི་ཞིང་བ་སྟོང་ཕྲག་འགའ་ཡིས་འདྲུད་འཐེན་འཁོར་ལོ་བསྐོར་ནས་པུའུ་ལུའུ་སེར་དུ་ཡོད་པའི་ཡོ་རོབ་གླིང་མནའ་འབྲེལ་གྱི་ལས་ཁུངས་ཡོད་སའི་ཉེ་འདབས་སུ་གཅིག་འདུས་བྱས་ཏེ། གཞི་རྒྱ་ཆེ་བའི་ངོ་རྒོལ་བྱ་འགུལ་སྤེལ། ངོ་རྒོལ་མཁན་གྱིས་སྐྱ་བ་མེར་བསྲེག་པ་སོགས་ལས་མ་དགའ་བ་དང་ཁོང་ཁྲོ་མཚོན་པར་བྱས་པར་མ་ཟད། ཉེན་རྟོག་པའི་བར་འཁྲུག་རྩོད་བྱུང་།

ཡོ་རོབ་གླིང་མནའ་འབྲེལ་གྱི་སྲིད་ཇུས་ལས་ཝུའུ་ཁི་ལན་གྱི་ཞིང་ཞོར་ཐོན་རྫས་ལ་ཁ་ཕྱོགས་པ་དང་ནུས་ཁུངས་རིན་གོང་ཇེ་མཐོར་སོང་བ་སོགས་རྒྱུ་རྐྱེན་དབང་གིས་ཞིང་ཞོར་ཐོན་རྫས་ཀྱི་མ་རྩ་ཇེ་མཐོར་སོང་བས། བསྟུད་མར་ཉིན་འགའི་རིང་ལ། ཡོ་རོབ་གླིང་མནའ་འབྲེལ་གྱི་རྒྱལ་ཁབ་མང་བོའི་ཞིང་བས་བསྟུད་མར་ངོ་རྒོལ་བྱ་འགུལ་སྤེལ།


བསོད་ནམས་ཚེ་རིང་གིས་བསྒྱུར།