སི་རི་ཡཱའི་དམག་ཕྱོགས་ཀྱིས་ཚེས་ཉེར་བརྒྱད་ཉིན་གསལ་སྒྲོག་སྤེལ་ཏེ། དབྱི་སི་རལ་གྱིས་ཉིན་དེར་སི་རི་ཡཱའི་ཏཱ་མཱ་ཧྲི་ཀིའི་ཞིང་སྡེ་ཞིང་ཆེན་དུ་འཕུར་མདའ་འགས་གཏོང་འཕེན་བྱས་ནས་སྒྲིག་ཆས་ལ་གཏོར་བཤིག་བཏང་ཡོད་ཟེར།
གསལ་སྒྲོག་ལས་བཤད་རྒྱུར། ས་དེའི་ཚེས་ཉེར་བརྒྱད་ཉིན་གྱི་དགོང་མོའི་དུས་ཚོད་དགུ་དང་སྐར་མ་སོ་ལྔ་ཡས་མས་སུ། དབྱི་སི་རལ་གྱིས་རང་གིས་བཙན་བཟུང་བྱས་པའི་ཀི་ལན་མཐོ་ས་ནས་སི་རི་ཡཱའི་ཏཱ་མཱ་ཧྲི་ཀིའི་ཞིང་སྡེ་ཞིང་ཆེན་གྱི་ས་ཁུལ་མང་བོར་འཕུར་མདའི་འཇབ་རྒོལ་བྱས། སི་རི་ཡཱའི་མཁའ་སྲུང་མ་ལག་གིས་འཕུར་མདའ་མང་ཆེ་བ་བཀག་ཡོད་ཟེར།
གཞན་ཡང་སྤྱི་ཁྱབ་པུའུ་དབྱིན་ཇིའི་ལོན་ཏོན་དུ་ཡོད་པའི་སི་རི་ཡཱའི་འགྲོ་མིའི་ཐོབ་ཐང་ལྟ་ཞིབ་རྩ་འཛུགས་ཀྱིས་བསྒྲགས་པ་ལྟར་ན། སི་རི་ཡཱའི་ཏཱ་མཱ་ཧྲི་ཀིའི་ཞིང་སྡེའི་ཞིང་ཆེན་གྱི་ས་ཁུལ་མང་བོར་ཚེས་ཉེར་བརྒྱད་ཉིན་དབྱི་སི་རལ་གྱི་འཕུར་མདའི་འཇབ་རྒོལ་ཐེབས་པ་དང་། མྱུར་སྐྱོབ་རླངས་འཁོར་མང་བོ་ཡུལ་དངོས་སུ་འབྱོར་ལ། ཐོག་མར་བསྒྲགས་པའི་གནས་ཚུལ་ལྟར་ན། འཇབ་རྒོལ་དེ་ལས་མི་སྣ་སྐོར་ཞིག་་རྨས་ཕོག་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།