ཕཱ་ཁི་སི་ཐན་གྱི་སྐབས་གསར་བའི་གྲོས་ཁང་ཞོལ་མའི་གྲོས་མིས་དམ་བཅའ་བཞག་སྟེ་ལས་འགན་ཁུར།
2024.03.01 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 23

ཕཱ་ཁི་སི་ཐན་གྱི་གྲོས་ཁང་ཞོལ་མའི་གསར་དུ་བདམས་པའི་གྲོས་མིས་ཟླ་གཉིས་པའི་ཚེས་ཉེར་དགུ་ཉིན་དམ་བཅའ་བཞག་སྟེ་ལས་འགན་ཁུར་བ་དང་། དེ་ལས་སྐབས་གསར་བའི་གྲོས་ཁང་དེ་དངོས་སུ་བཙུགས་པ་མཚོན་ཡོད།

ཕཱ་ཁི་སི་ཐན་གྲོས་ཁང་ཞོལ་མའི་གྲོས་དཔོན་ཨ་ཧྲི་ལཱ་ཧྥུའུ་ཡིས་ཉིན་དེའི་མཛད་སྒོར་མགོ་འཛིན་བྱས། གྲོས་ཁང་ཞོལ་མའི་དྲུང་ཡིག་ཁྲུའུ་ཡིས་སྤེལ་བའི་སྤྱི་སྒྲོག་ལྟར་ན། ཕཱ་ཁི་སི་ཐན་མུའུ་སི་ལིན་མནའ་འབྲེལ་གྱི་མགོ་ཁྲིད་པ་ནཱ་ཝ་ཙི་ཞེ་ལི་ཧྥུའུ་དང་ཀྲུའུ་ཞི་ཞཱ་པཱ་ཙི་ཞེ་ལི་ཧྥུའུ། མི་དམངས་ཏང་གི་ཀྲུའུ་ཞི་ཀྲ་ཨར་ཏཱ་ལི། སྒེར་གྱི་བདམས་ཐོན་གྲོས་མིའམ་དྲང་བདེན་ལས་འགུལ་ཏང་གི་ད་ལྟའི་མགོ་ཁྲིད་པ་ཀུའུ་ཧཱ་ཨར་ཨ་ལི་ཧན་སོགས་གསར་དུ་བདམས་ཐོན་བྱུང་བའི་གྲོས་མི་སུམ་བརྒྱ་དང་གཉིས་ཀྱིས་ཉིན་དེར་དངོས་སུ་དམ་བཅའ་བཞག་སྟེ་ལས་འགན་ཁུར་བ་དང་། གསར་དུ་བདམས་ཐོན་བྱུང་བའི་གྲོས་མི་གཉིས་ཀྱིས་ཉིན་དེར་དམ་བཅའ་བཞག་མེད། མིག་སྔར་གྲོས་ཁང་ཞོལ་མའི་ལས་གནས་ཉེར་གསུམ་བགོ་བཤའ་བྱས་མེད་ལ། དེ་ལས་ལས་གནས་དྲུག་གསབ་འདེམས་བྱེད་དགོས་པ་དང་། ལས་གནས་གཉིས་ཀྱི་འདེམ་བསྐོའི་མཇུག་འབྲས་ད་རུང་ཁྱབ་བསྒྲགས་བྱས་མེད། ལས་གནས་གཅིག་ད་རུང་འདེམ་བསྐོ་བྱས་མེད།

སྤྱི་སྒྲོག་ལས་བཤད་རྒྱུར། སྐབས་གསར་བའི་གྲོས་ཁང་ཞོལ་མས་ཟླ་གསུམ་པའི་ཚེས་གཅིག་ཉིན་གྲོས་དཔོན་དང་གྲོས་དཔོན་གཞོན་པ་འདེམ་བསྐོ་བྱེད་རྒྱུ་ཡིན་པ་དང་། ཟླ་གསུམ་པའི་ཚེས་གསུམ་ཉིན་སྐབས་གསར་བའི་སྲིད་གཞུང་གི་ཙུང་ལི་འདེམ་བསྐོ་བྱེད་རྒྱུ་ཡིན་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།