སཱ་ཏིས་ཁི་ཕཱ་ཁི་སི་ཐན་གྲོས་ཁང་ཞོལ་མའི་གྲོས་དཔོན་དུ་བསྐོས།
2024.03.02 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 8

ཕཱ་ཁི་སི་ཐན་གྲོས་ཁང་ཞོལ་མས་ཟླ་གསུམ་པའི་ཚེས་གཅིག་ཉིན་གྲོས་དཔོན་འདེམ་བསྐོ་བྱེད་པའི་བྱ་འགུལ་སྤེལ་བ་དང་། མུའུ་སི་ལིན་མནའ་འབྲེལ་ནས་ཡོང་བའི་སཱ་ཏིས་ཁི་སྐབས་གསར་བའི་གྲོས་དཔོན་དུ་བསྐོ་འཇོག་བྱས།

ཕཱ་ཁི་སི་ཐན་གྱི་རྩ་ཁྲིམས་གཏན་འཁེལ་ལྟར་ན། གྲོས་ཁང་ཞོལ་མའི་ཕྱེད་གྲངས་ཡན་གྱི་གྲོས་མིའི་རྒྱབ་སྐྱོར་ཐོབ་ན་གྲོས་དཔོན་དུ་བདམས་ཐོག་པ་རེད། ཉིན་དེའི་འདེམ་ཤོག་འཕེན་པའི་བྱ་འགུལ་ཁྲོད། སཱ་ཏིས་ཁི་ལ་འདེམ་ཤོག་ཉིས་བརྒྱ་དང་གོ་གཅིག་ཁྲོད་ཀྱི་བརྒྱ་དང་གོ་དགུ་ཐོབ་ནས། ཞོན་ནེ་ཕྱོགས་ཁག་མཐུན་སྒྲིལ་ཨུ་ཡོན་ལྷན་ཁང་སོགས་ཏང་ཁག་དང་དྲང་བདེན་འགུལ་སྐྱོད་ཏང་ནས་ཡོང་བའི་སྒེར་ཚུགས་ཀྱི་གྲོས་མི་ཚོའི་རྒྱབ་སྐྱོར་ཐོབ་པའི་འདེམ་སྒུག་པ་ཏའོ་ཅཱ་ཨར་ཕམ་པར་བཏང་བ་རེད།

ཉིན་དེའི་ཕྱི་དྲོར། སཱ་ཏིས་ཁི་ཡིས་དམ་བཅའ་བཞག་སྟེ་གྲོས་དཔོན་གྱི་ལས་འགན་ལག་བསྟར་བྱེད་མགོ་བརྩམས།

སཱ་ཏིས་ཁི་ནི་གཅིག་སྟོང་དགུ་བརྒྱ་ང་བཞི་ལོར་སྐྱེས་པ་དང་། ཉིས་སྟོང་བཅུ་གསུམ་ལོའི་ཟླ་དྲུག་པ་ནས་ཉིས་སྟོང་བཅོ་ལྔ་ལོའི་ཟླ་བརྒྱད་པའི་བར་དང་། ཉིས་སྟོང་བཅོ་ལྔ་ལོའི་ཟླ་བཅུ་གཅིག་པ་ནས་ཉིས་སྟོང་བཅོ་བརྒྱད་ལོའི་ཟླ་བརྒྱད་པའི་བར་ཕཱ་ཁི་སི་ཐན་རྒྱལ་དམངས་གྲོས་ཁང་གི་གྲོས་དཔོན་གྱི་འགན་ཁུར་བ་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།