ཟླ3པའི་ཚེས2ཉིན། ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཀྲང་ལཱ་ཧྥུའུ་ལུའོ་ཧྥུའུ་ཡིས། གལ་ཏེ་ནུབ་ཕྱོགས་ཀྱིས་ཨུ་རུ་སིའི་རྒྱུ་ནོར་གཞུང་བཞེས་བཏང་བ་ཡིན་ན། ཨུ་རུ་སིས་དེ་མཚུངས་ཀྱི་ཁ་གཏད་འཇལ་རྒྱུ་ཡིན་ཟེར།
ཟླ3པའི་ཚེས2ཉིན། ཐུར་ཁེ་རུ་ཨན་ཐ་ལིས་ཡའི་ཕྱི་འབྲེལ་གླེང་སྟེགས་ལ་ཞུགས་པའི་ལཱ་ཧྥུའུ་ལུའོ་ཧྥུའུ་ཡིས་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། གལ་ཏེ་ནུབ་ཕྱོགས་ཀྱིས་ཨུ་རུ་སིའི་ཕྱི་རྒྱལ་གྱི་རྒྱུ་ནོར་གཞུང་བཞེས་བཏང་བ་ཡིན་ན། ཨུ་རུ་སིས་ནུབ་ཕྱོགས་རྒྱལ་ཁབ་ཁག་ལ་དེ་བསྟུན་གྱི་རྒོལ་ལན་སྤྲོད་ངེས་ཡིན་ལ། ནུབ་ཕྱོགས་རྒྱལ་ཁབ་ཀྱིས་ཨུ་རུ་སིར་བཏང་ཡོད་པའི་མ་དངུལ་ཕྱིར་མི་སློག ཨུ་རུ་སིས་ཞིབ་ཕྲའི་གྱོད་དཔེ་ཚང་མར་བསམ་གཞིག་གཏོང་རྒྱུ་ཡིན་པར་མ་ཟད། དེ་མཚུངས་ཀྱི་ལན་སྟེར་རྒྱུ་ཡིན་ཟེར།
ལཱ་ཧྥུའུ་ལུའོ་ཧྥུའུ་ཡིས་ནུབ་ཕྱོགས་ཀྱིས་ཨུ་རུ་སིའི་རྒྱུ་ནོར་གཞུང་བཞེས་གཏོང་བའི་བྱ་སྤྱོད་དེ་ནི། ཐབས་ལམ་སྣ་ཚོགས་ལ་བརྟེན་ནས་རྐུ་འཕྲོག་བྱས་པ་དང་གཅིག་མཚུངས་ཡིན་ཟེར།
ཨུ་རུ་སི་དང་ཝུའུ་ཁི་ལན་བར་འཁྲུག་རྩོད་བྱུང་བ་ནས་བཟུང་། ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་ཨུ་རུ་སིར་དཔལ་འབྱོར་གྱི་བཀག་སྡོམ་མང་བོ་བྱས་ཡོད། ཉེ་བའི་དུས་ཡུན་ཞིག་གི་རིང་ལ། ནུབ་ཕྱོགས་རྒྱལ་ཁབ་ཁག་ཅིག་གིས་ཨུ་རུ་སིའི་ཕྱི་རྒྱལ་གྱི་རྒྱུ་ནོར་གཞུང་བཞེས་གཏོང་རྒྱུའི་སྐོར་ནས་གྲོས་གཞི་བཏོན་ནའང་། ནུབ་ཕྱོགས་རྒྱལ་ཁབ་མི་ཉུང་བ་ཞིག་གིས་ཨུ་རུ་སིས་དེའི་ཐད་འཁོན་ལན་སློག་ངེས་པར་སེམས་ཁྲལ་བྱེད་ཀྱིན་ཡོད།
བན་དེ་སྐྱབས་ཀྱིས་བསྒྱུར།