ཟླ3པའི་ཚེས2ཉིན། དབྱི་རག་འགྲིམ་འགྲུལ་ཅུའུ་ཡིས་གསལ་བསྒྲགས་སྤེལ་ཏེ། རྒྱལ་ཁབ་དེའི་བྱང་རྒྱུད་ཀྱི་སཱ་ལ་ཧི་ཏིན་ཞིང་ཆེན་དུ། ཉིན་དེར་རླངས་འཁོར་གཉིས་གདོང་ཐུག་བརྒྱུབ་ནས་མི7རྐྱེན་ལམ་དུ་ཤོར་བ་དང་མི6ལ་རྨས་ཕོག་ཡོད་ཟེར།
གསལ་བསྒྲགས་ནང་། ཉིན་དེར་རླངས་འཁོར་གཉིས་སཱ་ལ་ཧི་ཏིན་ཞིང་ཆེན་གྱི་པཱ་ཀི་ཏ་དང་པཱ་ཧྲི་ལའི་འབྲེལ་མཚམས་ཀྱི་གཞུང་ལམ་ཞིག་ཏུ་གདོང་ཐུག་བརྒྱབ་ནས་མི7རྐྱེན་ལམ་དུ་ཤོར་བ་དང་། བྱིས་པ་ཚུད་པའི་མི6ལ་རྨས་ཕོག་ཡོད་ཅིང་། རྨས་མ་རྣམས་ཉེ་འགྲམ་གྱི་སྨན་ཁང་དུ་སྨན་བཅོས་བྱེད་པར་བསྐྱལ་ཡོད་ཟེར།
གསལ་བསྒྲགས་ནང་ཁ་ལོ་བས་མྱུར་ཚད་ལས་བརྒལ་ནས་རླངས་འཁོར་བསྐོར་བ་ནི་དོན་རྐྱེན་འདིའི་འབྱུང་རྐྱེན་གཙོ་བོ་རེད་ཟེར།
བན་དེ་སྐྱབས་ཀྱིས་བསྒྱུར།