ཟླ3པའི་ཚེས1ཉིན་ཨུ་རུ་སུའི་རྒྱལ་སྲུང་པུའུ་ཡིས་བཤད་པ་ལྟར་ན། འདས་ཟིན་པའི་གཟའ་འཁོར་གཅིག་ནང་ཨུ་རུ་སིའི་དམག་གིས་གནད་ཁེལ་མཚོན་ཆ་དང་མི་མེད་གནམ་གྲུ་སོགས་བཀོལ་ནས་ཝུའུ་ཁི་ལན་གྱི་དམག་གིས་མི་མེད་གནམ་གྲུ་ཐོན་སྐྱེད་བྱེད་པའི་སྒྲིག་ཆས་དང་ཕྱི་རྒྱལ་གྱི་གླ་གཏོང་དམག་གི་བཀོད་སྒྲིག་ས་ཚུགས་ལ་རྒོལ་རྡུང་བྱས་པར་མ་ཟད། ཝུའུ་ཁི་ལན་གྱི་དམག་གི་མུས་ཀི29རྟགས་ཅན་གྱི་དམག་འཐབ་གནམ་གྲུ་དང་། “རླུང་ནག་འཚུབ་མ”ཞེས་པའི་འཕུར་མདེལ། མི་མེད་གནམ་གྲུ་སོགས་གཏོར་བ་ཡིན་ཟེར།
ཝུའུ་ཁི་ལན་གྱི་རྒྱལ་སྲུང་པུའུ་ཡི་གསང་འཕྲིན་སྤྱི་ཁྱབ་ཅུའུ་ཡིས་ཚེས1ཉིན་བཤད་རྒྱུར། ཝུའུ་ཁི་ལན་གྱི་དམག་གིས་ཨུ་རུ་སིའི་དམག་དཔུང་གིས་པེ་ཨར་ཀི་ལའོ་ཏི་ས་ཁུལ་དུ་བཀོད་སྒྲིག་བྱས་པའི“གོ་ཁྲབ-S1”མཁའ་ཟོན་མ་ལག་ལ་རྒོལ་རྡུང་བྱས་པ་ཡིན་ཟེར། ཝུའུ་ཁི་ལན་ཕྱོགས་ཀྱིས་ཉིན་དེར་བཤད་རྒྱུར། ད་ལོ་དམག་འཐབ་གནམ་གྲུF-16དེ་ཝུའུ་ཁི་ལན་གྱི་མཁའ་དབྱིངས་སུ་མངོན་རྒྱུ་ཡིན་པ་དང་། མིག་སྔར་ཝུའུ་ཁི་ལན་གྱི་གནམ་གྲུ་ཁ་ལོ་པས་རོ་མ་ཉི་ཡ་རུ་ཧི་ལན་གྱིས་མཁོ་འདོན་བྱས་པའིF-16རྟགས་ཅན་གྱི་དམག་འཐབ་གནམ་གྲུ་བསྐོར་བར་སྦྱོང་བརྡར་བྱེད་བཞིན་ཡོད་ཟེར།