སོ་ཏི་ཨ་རབ་ཀྱིས་ཟླ་དྲུག་པའི་ཟླ་མཇུག་བར་རང་མོས་ལྟར་རྡོ་སྣུམ་ཟོ་ས་ཡ་གཅིག་ཇེ་ཉུང་དུ་གཏོང་རྒྱུ་ཁྱབ་བསྒྲགས་བྱས།
2024.03.04 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 18

སོ་ཏི་ཨ་རབ་འཕྲིན་གཏོང་ཁང་གིས་ཚེས་གསུམ་ཉིན་བསྒྲགས་པ་ལྟར་ན། སོ་ཏི་ཨ་རབ་ཀྱིས་ཉིས་སྟོང་ཉེར་གསུམ་ལོའི་ཟླ་བདུན་པ་ནས་བཟུང་ལག་བསྟར་བྱས་པའི་ཉིན་རེར་རྡོ་སྣུམ་ཟོ་ས་ཡ་གཅིག་རང་མོས་ལྟར་ཇེ་ཉུང་དུ་གཏོང་བའི་བྱེད་ཐབས་དེ་ད་ལོའི་ཟླ་དྲུག་པའི་ཟླ་མཇུག་བར་རྒྱུན་བསྲིང་རྒྱུ་རེད་ཟེར།

བསྒྲགས་པ་ལྟར་ན། ཐོན་ཛད་ཇེ་ཉུང་དུ་གཏོང་བའི་བྱེད་ཐབས་ཀྱི་ལག་བསྟར་ཡུན་ཚད་ཇེ་རིང་དུ་བཏང་རྗེས། སོ་ཏི་ཨ་རབ་ཀྱི་རྡོ་སྣུམ་གྱི་ཉིན་རེའི་ཐོན་ཚད་ཟོ་ས་ཡ་དགུ་ཡས་མས་ཡིན་པ་དང་། དེའི་རྗེས་སུ་ཐོན་ཚད་ཇེ་ཉུང་དུ་གཏོང་བའི་བྱེད་ཐབས་དེ་ཚོང་རའི་གནས་ཚུལ་ལ་གཞིགས་ནས་རིམ་བཞིན་ལེགས་སྒྲིག་བྱེད་རྒྱུ་རེད།

བསྒྲགས་པ་ལྟར་ན། རང་མོས་ལྟར་ཐོན་ཚད་ཇེ་ཉུང་དུ་གཏོང་བའི་བྱེད་ཐབས་ནི་སོ་ཏི་ཨ་རབ་ཀྱིས་ཉིས་སྟོང་ཉེར་གསུམ་ལོའི་ཟླ་བཞི་བར་ཁྱབ་བསྒྲགས་བྱས་པའི་རང་མོས་ལྟར་ཐོན་ཚད་ཇེ་ཉུང་དུ་གཏོང་བའི་བྱེད་ཐབས་ཀྱི་རྨང་གཞིའི་སྟེང་ཁ་སྣོན་བྱས་པ་ཡིན་ལ། དམིགས་ཡུལ་ནི་རྡོ་སྣུམ་ཕྱིར་གཏོང་རྩ་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་དང་རྡོ་སྣུམ་ཕྱིར་གཏོང་མི་བྱེད་པའི་རྒྱལ་ཁབ་ཀྱིས་གྲུབ་པའི་རྒྱལ་ཁབ་དག་གིས་རྒྱལ་སྤྱིའི་རྡོ་སྣུམ་ཚོང་རའི་གཏན་འཇགས་དང་དོ་མཉམ་ལ་སྲུང་སྐྱོབ་བྱེད་ཆེད་སྤྱད་པའི་སྔོན་འགོག་རང་བཞིན་གྱི་བྱ་བར་རྒྱབ་སྐྱོར་བྱེད་པའི་ཆེད་དུ་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།