དབྱི་རག་ཁུའུ་ཨར་ཏི་རང་སྐྱོང་ས་ཁུལ་གྱིས་ཟླ་དྲུག་པའི་ཚེས་བཅུ་ཉིན་ས་གནས་ཀྱི་གྲོས་ཁང་འདེམ་བསྐོའི་བྱ་འགུལ་སྤེལ་རྒྱུ་རེད།
2024.03.04 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 17

དབྱི་རག་ཁུའུ་ཨར་ཏི་རང་སྐྱོང་ས་ཁུལ་གྱི་ཀྲུའུ་ཞིའི་བཞུགས་ཤག་གིས་ཚེས་གསུམ་ཉིན་གསལ་སྒྲོག་སྤེལ་ཏེ། ཁུའུ་ཨར་ཏི་རང་སྐྱོང་ས་ཁུལ་གྱི་ཀྲུའུ་ཞི་པཱ་ཨར་ཀྲ་ནེ་ཡིས་ཉིན་དེར་བཀའ་རྒྱ་བཀོད་དེ། ད་ལོའི་ཟླ་དྲུག་པའི་ཚེས་བཅུ་ཉིན་ཁུའུ་ཨར་ཏི་རང་སྐྱོང་ས་ཁུལ་གྱི་གྲོས་ཁང་འདེམ་བསྐོའི་བྱ་འགུལ་སྤེལ་རྒྱུ་གཏན་འཁེལ་བྱས།

གསལ་སྒྲོག་ལས་བཤད་རྒྱུར། འབྲེལ་ཡོད་ཕྱོགས་སོ་སོས་དབྱི་རག་སྒེར་ཚུགས་མཐོ་རིམ་འདེམ་བསྐོ་ཨུ་ཡོན་ལྷན་ཁང་བར་མཉམ་ལས་བྱས་ནས། འདེམ་བསྐོའི་བྱ་འགུལ་བདེ་བླག་ངང་སྤེལ་བར་ཁག་ཐེག་བྱེད་དགོས་ཟེར།

དབྱི་ལིང་གི་སྒེར་ཚུགས་ཆེས་མཐོའི་འདེམ་བསྐོ་ཨུ་ཡོན་ལྷན་ཁང་གིས་གསལ་སྒྲོག་ཅིག་ལས་བཤད་རྒྱུར། ཟླ་གསུམ་པའི་ཚེས་ལྔ་ཉིན་ནས་ཚེས་བཅུ་བཞིའི་ཉིན་བར་ཁུའུ་ཨར་ཏི་རང་སྐྱོང་ས་ཁུལ་གྱི་གྲོས་ཁང་འདེམ་བསྐོའི་བྱ་འགུལ་ལ་ཞུགས་འདོད་པའི་སྲིད་ཏང་ཐོ་འགོད་བྱེད་རྒྱུ་ཡིན་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།